དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ།

    མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སེམས་ནུས་ཡོད་རྒུས་ཐག་གཅོད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ།   |     སྤེལ་དུས།  2026-05-11

    ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུཌ་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ཚུན། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཚད་གཞི་མཐོ་བའི་ཇུས་འགོད་དང་སྤུས་ཚད་མཐོ་བའི་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སློབ་སྦྱོང་དང་། ཞིབ་བཤེར། དག་ཐེར་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་བ་དང་། མང་ཚོཌ་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སེམས་ནུས་ཡོད་རྒུས་ཐག་གཅོད་བྱས་པ། འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་འཚོར་ཕན་འདོཌ་པའི་ཕན་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱས་པ་རེད།

    རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་དང་ཟབ་སྦྱོང་མཐིལ་རྟོགས་བྱས་པ།

    ཐེན་ཅིན་གྲོང་ཁྱེར་ཧོ་ཏུང་ཆུས་ཀྱིས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་ལས་འགན་གལ་ཆེན་དུ་བརྩིས་ནས་སློབ་སྦྱོང་སློབ་གསོ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཆུས་ཨུད་རྒྱུན་ལས་ཨུ་ལྷན་གྱིས་སྣེ་ཁྲིད་དེ《ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གཅེས་བཏུས》སློབ་སྦྱོང་བྱས་པ་དང་། རིམ་ཁག་ཏང་རྩ་འཛུགས་ཀྱིས་དོན་དངོས་ལ་གཞི་ཚུགས་ནས་སློབ་སྦྱོང་དང་བགྲོ་གླེང་བྱས་པ། ཆུས་ཨུད་ཏང་གི་སློབ་གྲྭས་ད་དུང་སློབ་མ་སྒྲིག་འཛུགས་བྱས་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་བརྗོད་དོན་གཙོ་བོར་གྲོས་བསྡུར་བྱས་པ། ཏང་ཡོན་ལས་བྱེད་པས་རང་རྟོགས་ངང་ཏང་གཤིས་ཀྱི་བློ་སྦྱོང་ཟབ་ཏུ་གཏོང་བ་དང་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བའི་ཁྲིད་སྟོན་བྱས་པ་རེད།

    སློབ་སྦྱོང་སློབ་གསོ་མི་སེམས་སུ་ཟུག་པར་སྐུལ་འདེད་གཏོང་ཆེད། ཧུའུ་ནན་ཞིང་ཆེན་དབྱི་དབྱང་གྲོང་ཁྱེར་གྱིས“གཞོན་ནུའི་སྤེལ་རེས་བསམ་བློ་མཉམ་སྤྱོད”ཀྱི་སློབ་སྦྱོང་སྤེལ་རེས་བྱེད་སྒོར་བརྟེན་པ་དང་ཏང་ཡོན་ལས་བྱེད་པའི་རིགས་པའི་གཞུང་ལུགས་མཐོར་གཏོང་དང་བསམ་བློ་གཅིག་མཐུན་ཡོང་བར་དམིགས་ཏེ། ཏང་གི་སློབ་གྲྭས་དཔེ་སྟོན་དང་། ཚོད་ལྟའི་དཔེ་སྟོན། ཁོངས་ཡོངས་ལ་ཁྱབ་པ་བཅས་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་མ་ལག་འཛུགས་པ་དང་གོ་བདེའི་སྐད་ཆ་དང་གསོན་ཉམས་ལྡན་པའི་དཔེར་བརྟེན་ནས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་འགྲེལ་བཤད་གཏིང་ཟབ་བརྒྱབ་ནས་གཞོན་དར་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ནས་རང་ཚུགས་ཐུབ་པ་དང་། བྱ་གཞག་སྒྲུབ་ཐུབ་པ། དངོས་སུ་ལག་བསྟར། སྔོན་ཐོན་བརྩོན་ལེན་བཅས་བྱེད་པར་ཁྲིད་སྟོན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    ཧོ་པེ་ཞིང་ཆེན་ཞིང་ཐའེ་གྲོང་ཁྱེར་པའེ་ཤང་རྫོང་གིས་དཔེ་ཀློག་འཛིན་གྲྭ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་རྣམ་པ་སྣ་ཚོགས་བརྒྱུད་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་སྐུལ་འདེད་བཏང་ཡོད། ཕྱོགས་མིའི་ཏང་ཡོན་དང་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ཏང་ཡོན་སོགས་ཚོགས་སྤྱིར་དམིགས་ནས་རིགས་དབྱེ་ཇུས་བསྟར་བྱས་ཏེ་སྟབས་བསྟུན་ངང་སློབ་སྦྱོང་སྒྲིག་འཛུགས་བྱས་པ་རེད། དུས་མཚུངས་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀྱི་དཔེ་མཚོན་སྤྱད་དེ་དྲང་ཕྱོགས་ཀྱི་དཔེ་མཚོན་ལ་བརྟེན་ནས་རིན་ཐང་གི་ཚད་ཤིང་བཙུགས་པ་དང་འབད་འབུངས་ཀྱི་སྟོབས་ཤུགས་འཕེལ་བར་བྱས་ཡོད། ལྡོག་ཕྱོགས་ཀྱི་དཔེ་མཚོན་ལ་བརྟེན་ནས་ཉེན་བརྡ་གཏོང་བ་དང་། དམར་ཐིག་རྒྱག་པ། སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་བྱས་ཏེ་སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་བ་རེད།

    གནད་དོན་བཤེར་འདོན་དང་མཁྲེགས་སར་གཏུགས་ཕོད་པར་བྱས་པ།

    གཞུང་ལས་ཁང་དུ་སེམས་ཁྲལ་བྱས་ནས་སྡོད་པ་ལས་གཞི་རིམ་གྱི་འཐབ་ས་དང་པོར་གནད་དོན་ཐག་གཅོད་བྱེད་པར་དགའ། ཅང་སུའུ་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཏང་ཡོན་ལས་བྱེད་པས་གཞུང་ལས་ཁང་ནས་ཐོན་ཏེ་སྡེ་ཁུལ་གྱི་གྲོང་གསེབ་དང་། ཁེ་ལས་ཀྱི་འཁོར་ཁང་། རྣམ་གྲངས་སྤེལ་ཡུལ་བཅས་སུ་བསྐྱོད་དེ་སྲིད་དོན་ལས་རྗེས་ལྟ་བའི་ཡོ་ཁྱད་གནད་དོན་འཚོལ་ཞིབ་བྱས་ནས་ཞིབ་བཤེར་བྱེད་ཀྱིན་དག་ཐེར་བྱེད་པ་དང་འཕྲལ་སྒྲུབ་འཕྲལ་བཅོས་བྱས་པ་རེད། མང་ཚོགས་ཀྱིས་བཏོན་པའི་གནད་དོན་དང་དགོས་མཁོར་དམིགས་ནས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞུ་གཏུག་དང་ལེན་བྱས་མ་ཐག་སྒྲུབ་གཉེར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཡོན་གྱིས་མང་ཚོགས་ཀྱི་རེ་ཞུ་དང་ལེན་བྱས་པ་དང་། རིགས་དབྱེ་ཇུས་བསྟར། རིམ་དབྱེ་མཉམ་སྒྲུབ། ཡོངས་བསྒྲགས་ཐོ་སུབ་བཅས་ཀྱི་གདུབ་ཟུམ་དོ་དམ་བྱེད་ཐབས་སྤྱད་དེ་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བ་རེད།

    སློབ་སྦྱོང་སློབ་གསོ་སྤེལ་ཚུན། ཧྲན་ཏུང་ཞིང་ཆེན་ཀྲུའུ་ཁྲེང་གྲོང་ཁྱེར་གྱིས་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་དང་། གྲོང་རྡལ་དང་ཁྲོམ་གཞུང་། སྡེ་ཚན། ཚན་པ་བཅས་ཀྱི“གཙོ་འགན་འཁུར་མཁན”གྱིས་སྣེ་ཁྲིད་དེ་ཁེ་ལས་ཀྱི་དགོས་མཁོ་འདྲི་བ་དང་། གྲོང་ཚོར་འཚམས་འདྲི་བྱེད་པ་དང་འཚོ་བའི་གནས་ཚུལ་སྐད་ཆ་འདྲི་བ། དམངས་ལ་འཚམས་འདྲི་བྱེད་པ། སྤྱོད་ཡོན་གཉིས་ལྡན་གྱི་མི་སྣར་འཚམས་འདྲི་བྱེད་པ་དང་འཐབ་ཇུས་བློ་འདྲི་བྱེད་པ་བཅས་བྱས་པ་མ་ཟད། སློབ་གསོ་དང་། སྨན་བཅོས། འགྲིམ་འགྲུལ། ལས་ཞུགས་ལས་གཏོད་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། མང་ཚོགས་ཀྱི་རེ་སྒུག་དང་བསམ་འདུན་ཉན་པ་དང་ངོ་ཐུག་གདོང་འཕྲད་ཀྱིས་བསམ་འཆར་དང་གྲོས་འགོ་ཤེས་རྟོགས་བྱས་ཏེ་མང་ཚོགས་ཀྱི“ཞུ་གཏུག་གསལ་ཐོ”དེ“ལས་འགན་གསལ་ཐོར”ཧུར་ཐག་སྒྱུར་ཐུབ་པར་བྱས་ཡོད།

    སྦྱངས་པ་གོ་ཆོད་དང་ཕན་འབྲས་དངོས་ཐོན་པར་བྱས་པ།

    མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ནས“ཞུ་གཏུག་ཡོད་ཚེ་འཕྲལ་དུ་སྒྲུབ་པའི”ལས་ཀའི་ལམ་སྲོལ་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

    ཞུ་གཏུག་དང་ལེན་བྱས་རྗེས་འཕྲལ་དུ་སྒྲུབ་པ་དང་། དུས་བཀག་ནང་ལན་སྤྲོད་པ། དུས་བཀག་ནང་བཀོད་གཏོང་བྱེད་པ། ཕན་འབྲས་གང་འདྲ་ཐོན་མིན་སྐད་ཆ་འདྲི་བ། ལས་སྒྲུབ་ཀྱི་སྒྲིག་སྲོལ་དང་འགན་འཁྲིའི་གསལ་ཐོ་ལེགས་སུ་གཏིང་ཟབ་བཏང་བ་བརྒྱུད། མང་ཚོགས་ཀྱི་རེ་ཞུ“ཁ་པར་རྒྱག་ཐེངས་གཅིག་ལ་ལན་ཡོད་པ་དང་། རེ་ཞུ་ཚང་མ་དུས་ཐོག་ཏུ་སྒྲུབ་གཉེར་བྱེད་པ། འཕྲལ་སྒྲུབ་ཐག་གཅོད་དང་རིམ་ལྔ་མཉམ་སྒུལ”བཅས་བྱས་པ་རེད། དེ་དང་དུས་མཚུངས་དཀའ་གནད་ཆེ་ཞིང་རྙོག་འཛིང་ཆེ་བའི་རེ་ཞུ་མཉམ་དུ་གྲོས་མོལ་དང་དབྱེ་ཞིབ་མཐའ་གཅོད་བྱེད་པའི་བྱེད་སྟངས་མུ་མཐུད་ལེགས་སུ་གཏོང་བ་དང་།“གཙོ་འགན་འཁུར་མཁན”གྱིས་སྣེ་ལེན་ཞུ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཏང་ཡོན་ལས་བྱེད་པས་དམངས་ཀྱི་རེ་འབོད་ལ་ལན་འདེབས་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་སེམས་གཅིག་ཏུ་སྒྲིལ་བའི་བརྒྱུད་རིམ་ཁྲོད་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་ཡོད།

    ནང་སོག་རང་སྐྱོང་ལྗོངས་ཤིན་ཨན་མོང་གིས་གཞི་རིམ་གྱི་དཀའ་གནད་དང་མང་ཚོགས་ཀྱི་སེམས་ཁྲལ་ཆེ་བའི་གནད་དོན་ལ་དམིགས་པ་དང་། མོང་ཡོངས་ཀྱི་ཀ་ཁྲ་གྲོང་ཚོ་དང་སྡེ་ཁུལ་ལ་ཕྱོགས་ནས་གནད་དོན་ཐག་གཅོད་ཀྱི་བསམ་འཆར་བསྡུ་རུབ་བྱས་པ་དང་འབྲེལ་ཆེད་དོན་མ་དངུལ་སྤྲད་དེ། ཆུང་ས་ནས་འགོ་བཙུགས་ཏེ་རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་བྱེད་པ་དང་། ལམ་ངོས་ཉམས་བཟོ་དང་། ཐང་ཆེན་སྒྱུར་བཀོད། གློག་སྒྲོན་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་སོགས་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ཏེ། ཁྱིམ་གྱི་སྒོ་རྩར་ཞབས་འདེགས་ཞུ་བ་དང་མི་སེམས་ལ་དྲོ་སྐྱིད་སྦྱིན་ཏེ་མིག་མཐོང་ལག་ཟིན་གྱི་ཕན་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱས་པ་རེད།

    ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་པེ་ཧའེ་གྲོང་ཁྱེར་གྱིས“དྲ་མིག་དང་ཐད་འབྲེལ་ཁ་པར་ཟུང་འབྲེལ”གྱི་ལས་ཐོའི་ནང་ནས་མང་ཚོགས་ཀྱིས་རེ་ཞུ་བྱེད་མང་ཤོས་ཀྱི་གནད་དོན་ལ་དམིགས་ནས་གནད་དོན་བཙལ་འཚོལ་དང་གནད་དོན་ཐག་གཅོད་བྱས་ཡོད། གྲོང་གསེབ་ཀྱི་ཆུ་བེད་གནད་དོན་ཤེས་རྟོགས་བྱུང་རྗེས། པེ་ཧའེ་གྲོང་ཁྱེར་གྱིས་རྩ་ལག་མཉམ་བཅོས་དང་ཕུགས་རྩ་རྩད་གཅོད་ཀྱིས་གནད་དོན་གྱི་གསལ་ཐོ་ཕྱོགས་ཡོངས་ནས་གྲལ་བཤེར་དང་ལེགས་སྒྲིག་བྱས་ཏེ། གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭ་དང་ཞིང་ཁའི་ཆུ་བེད་ཆུ་འདྲེན་ལས་གྲྭར་དམིཌ་པ་དང་། ལས་གྲྭ་འཛུཌ་སྐྲུན་གྱི་སྤུས་ཚད་མ་ལོན་པ་དང་མང་ཚོགས་ཀྱིས་གོང་ཞུ་བྱས་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་མ་ཐུབ་པ་སོགས་ཀྱི་གནས་ཚུལ་ལ་དམ་པོར་དམིགས་ཏེ་གྲོང་གསེབ་ཀྱི་ཆུ་བེད་རྣམ་གྲངས་འཛུགས་སྐྲུན་ལ་བཅོས་སྒྲིག་བྱས་པ་དང་གྲོང་གསེབ་མང་ཚོགས་ཀྱི་འཐུང་ཆུ་དཀོན་པ་དང་ཞིང་ཆུ་དཀོན་པའི་གནད་དོན་ནུས་ཤུཌ་ཡོད་རྒུས་ཐག་གཅོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།