དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “རྟཌ་བཤེར་ནས་ཁེ་ལས་ནང་ཞུཌ་པ”ཕྱོཌ་ཡོངས་ནས་ཁྱབ་གདལ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-05-11

    གསར་འགོད་པར་ཁྲིམས་འཛིན་པུའུ་ནས་ཤེས་རྟོགས་བྱུང་བར། 《“རྟགས་བཤེར་ནས་ཁེ་ལས་ནང་ཞུགས་པའི”ལས་དོན་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཞིབ་བཤེར་སྔར་བས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས“རྟགས་བཤེར་ནས་ཁེ་ལས་ནང་ཞུགས་པའི”གཞི་རྩའི་བརྒྱུད་རིམ་དང་རྒྱུ་རྐྱེན་གཙོ་བོ་གཅིག་གྱུར་ཚད་ལྡན་དུ་བཏང་ཡོད་པ་རེད།

    བརྡ་ཐོའི་ནང་བླང་བྱ་བཏོན་དོན། གཅིག་གྱུར་རྟགས་སྤྲོད་ནན་དུ་བཏང་ནས་ཞིང་ཆེན་རིམ་པའི་སྲིད་གཞུང་གི་སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་ལས་ཁུངས་ཀྱིས་སྤྱི་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ། འབྲེལ་ཡོད་ཁྲིམས་སྒྱུར་སྡེ་ཚན་དང་མཉམ་དུ་རྟགས་སྤྲོད་ཐབས་ལམ་བསྡུ་སྒྲིལ་བྱས་ནས་གཅིག་གྱུར་གྱི“ཁྲིམས་སྒྱུར་ཨང་རྟགས”ཆགས་པར་བྱེད་དགོས། ཞིབ་བཤེར་གྱི་ནང་དོན་ཁ་གསལ་དུ་བཏང་ནས་བྱེད་པོ་དང་མི་སྣ་ཞིབ་བཤེར་སོགས་ཀྱི་ནང་དོན་ཕྱོགས་ཡོངས་ནས་ཚུད་པས་ཁེ་ལས་ཀྱིས་རྟགས་བཤེར་བྱས་མ་ཐག་སུས་བཤེར་བ་དང་གང་ཞིག་བཤེར་མིན་གསལ་པོར་ཤེས་ཐུབ། རྟགས་བཤེར་བརྒྱུད་རིམ་ཁ་གསལ་དང་ནན་དུ་བཏང་ནས་ཁེ་ལས་ནང་ཞུགས་པ་ཞིབ་བཤེར་མ་བྱས་གོང་ཁྲིམས་སྒྱུར་མི་སྣས་ཞིབ་བཤེར་ལས་འགན་ཆོག་མཆན་སྙན་སེང་དང་དགོངས་སྐོར་སྙན་སེང་ཞུ་སྐབས་མ་ལག་ནས“ཁྲིམས་སྒྱུར་ཨང་རྟགས”རང་འགུལ་ངང་ཐོན་ཐུབ། མཉམ་འབྲེལ་ཞིབ་བཤེར་བྱེད་སྐབས་ཐེངས་གཅིག་ནང་ཨང་རྟགས་གཅིག་མ་གཏོགས་ཐོན་གྱི་མེད། “ཁྲིམས་སྒྱུར་ཨང་རྟགས”ཐོན་མེད་ཚེ་ཞིབ་བཤེར་བྱེད་མི་ཆོག ཛ་དྲག་གི་གནས་ཚུལ་དང་ས་གནས་ས་ཐོག་ཏུ་ལག་བསྟར་བྱེད་དགོས་རིགས་ཀྱི་གནས་ཚུལ་ཐོན་ཚེ་ལས་ཀ་ཚར་རྗེས་དུས་བཀག་ནང་གསབ་སྒྲུབ་བྱས་ན་འགྲིག ཁེ་ལས་ནང་ཞུགས་པ་ཞིབ་བཤེར་བྱེད་སྐབས་ཁྲིམས་སྒྱུར་མི་སྣས“ཁྲིམས་སྒྱུར་ཨང་རྟགས”རང་འགུལ་ངང་འདོན་པ་དང་། ཁེ་ལས་ཀྱིས་འབྲེལ་ཡོད་ཆ་འཕྲིན་རྟགས་བཤེར་དང་ཞིབ་བཤེར་བྱེད་སྐབས་བསམ་འཆར་མི་འདྲ་བ་ཐོན་ཚེ་ཚུར་ལན་བསློགས་ན་འགྲིག ཁེ་ཞུགས་ཞིབ་བཤེར་བྱེད་སྐབས་ཞིབ་བཤེར་གྱི་ཟིན་ཐོ་དང་ཁྲིམས་སྒྱུར་ཡིག་ཆ་གྲུབ་ནས་སྲིད་གཞུང་གི་སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་གྱི་ཆ་འཕྲིན་མ་ལག་ནང་གཅིག་གྱུར་བསྡུ་རུབ་བྱས་ཏེ་ཞིབ་བཤེར་གྱི་བརྒྱུད་རིམ་ཚང་མར་ལྟ་སྐུལ་བྱེད་དགོས།

    བརྡ་ཐོའི་ནང་ནན་བཤད་བྱས་དོན། ད་ཡོད་ཀྱི་ཁྲིམས་སྒྱུར་མ་ལག་ལས་སྟེགས་ཀྱི་ནུས་པ་གང་ལེགས་འདོན་པ་དང་། ཞིབ་བཤེར་དོན་ཚན་ཁུ་བསྡུ་དང་ཟླ་སྒྲིལ་གཏོང་བ། ཁེ་ལས་མི་འདྲ་བའི་ཧེ་བག་ཅན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཕྱི་ཚུལ་ཞིབ་བཤེར་དང་ནུས་མེད་ཞིབ་བཤེར་བྱ་རྒྱུ་ནན་འགོག་གིས་ཞིབ་བཤེར་གྱི་གནད་སྨིན་རང་བཞིན་ཆེ་རུ་གཏོང་དགོས། གཅིག་གྱུར་རྟགས་སྤྲོད་དང་ལག་རྩལ་གྱི་མཐུན་རྐྱེན་སྦྱར་བ་བརྒྱུད། ཁེ་ལས་ནང་ཞུགས་པ་ཞིབ་བཤེར་སྔར་བས་ཚད་ལྡན་དུ་གཏོང་བ་དང་གྲངས་གཞི་མང་པོ་བླུགས་པ་དང་བསྐྱར་བླུགས་ཀྱི་གནད་དོན་མི་ཐོན་པ་བྱས་ནས་ཁེ་ལས་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།