མི་ཐབས་རིག་ནུས་མཐའ་སྣེའི་རིག་ནུས་ཅན་གྱི་རིམ་དབྱེའི་རྒྱལ་ཁབ་ཚད་གཞི་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་པ།
ཉེ་ཆར། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་། ཚོང་དོན་པུའུ། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་སོགས་སྡེ་ཚན་གྱིས་མཉམ་དུ《མི་ཐབས་རིག་ནུས་མཐའ་སྣེའི་རིག་ནུས་ཅན་གྱི་རིམ་དབྱེ་ཞེས་པའི》རྒྱལ་ཁབ་ཚད་གཞི་རབ་དང་རིམ་པ་ལག་བསྟར་བྱེད་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 《མི་ཐབས་རིག་ནུས་མཐའ་སྣེའི་རིག་ནུས་ཅན་གྱི་རིམ་དབྱེ་ཞེས་པའི》རྒྱལ་ཁབ་ཚད་གཞི་རབ་དང་རིམ་པར“2+N”གྱི་སྒྲོམ་གཞི་སྤྱད་ཡོད་ཅིང་། “2”ཞེས་པ་ནི《ཁག་དང་པོ། དཔྱད་གཞིའི་སྒྲོམ་གཞི》དང《ཁག་གཉིས་པ། སྤྱིའི་བླང་བྱ》ཟེར་ཞིང་། ཚད་གཞི་དེ་གཉིས་ནང་རིག་ནུས་ཅན་གྱི་གོ་དོན་དང་། རིམ་དབྱེ། ཚད་ལེན་ཚོད་ལྟ་བྱེད་སྟངས་བཅས་ཁ་གསལ་བཟོས་ཡོད་པས། རིགས་ཚང་མའི་ཚད་གཞིའི་རྨང་གཞི་རེད། མཐའ་སྣེའི་རིག་ནུས་ཅན་གྱི་རིམ་དབྱེའི་མ་ལག་ནི་L1དང་ལེན་རིམ་པ་དང་། L2ལག་ཆའི་རིམ་པ། L3རམ་འདེགས་རིམ་པ་བཅས་ནས་L4མཉམ་སྒྲུབ་རིམ་པ་བར་རིག་ནུས་ཅན་གྱི་ཆུ་ཚད་རིམ་བཞིན་མཐོ་རུ་ཕྱིན་ནས་མཐའ་སྣེ་དེ་བས“འཐུས་སྒོ་ཚང”དུ་ཕྱིན་ཡོད། དེའི་ནང་L4མཉམ་སྒྲུབ་རིམ་པས་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་ལ་གཞིགས་ཏེ། རྗེས་མཐུད་བཟོ་བཅོས་རྒྱག་རིང་སྔར་བས་ཁ་གསལ་དང་འཐུས་སྒོ་ཚང་དུ་གཏོང་ཐུབ་ཀྱི་ཡོད། བརྟག་ཞིབ་དང་ཚོད་ལྟའི་དབྱེ་ཞིབ་བྱས་པ་བརྒྱུད། མིག་སྔར་སྤྱོད་མཁན་ཅུང་མང་བའི་ཐོན་རྫས་ནི་L1དང་L2རིམ་པ་ཡིན་པ་དང་། ཐོན་རྫས་གསར་པ་ཁག་ཅིག་L3རིམ་པར་སླེབས་ཐུབ་ཀྱི་ཡོད་པ་རེད།
“N”ནི་ལག་ཐོགས་ཁ་པར་དང་། གློག་ཀླད། བརྙན་འཕྲིན། མིག་ཤེལ། སྒྲ་སྐྱེད། སྒྲ་འཛིན་སོགས་ཐོན་རྫས་མི་འདྲ་བར་ཕྱོགས་པའི་ཞིབ་ཕྲའི་ཚད་གཞི་ཡིན་ཞིང་། ཁག་དང་པོའི་ཚད་གཞིའི་ནང་ཐོན་རྫས་རིགས་7ཚུད་ཡོད་པ་དང་། རྗེས་སུ་ཐོན་རྫས་རིགས་གཞན་དག་གི་ཚད་གཞི་ཞིབ་བཟོ་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།