“ཨ་ཧྥེ་རི་ཁའི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་པ”
—— ཀག་ནའི་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་སྲིད་ཇུས་དང་བློ་འདྲིའི་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རེན་ཧྥུ་ལིན་ཧྥེང་ལ་བཅར་འདྲི་བྱས་པ།

“ཀྲུང་གོས་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་རྒྱལ་ཁབ་53ལ་སྒོ་ཁྲལ་མེད་པའི་བྱེད་ཐབས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། དེའི་དོན་སྙིང་ནི་ཚོང་དོན་ཙམ་མིན་པར་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཕྱོགས་སྒྱུར་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དང་མཉམ་འདྲེས་བྱེད་པར་སྔར་བྱུང་མྱོང་མེད་པའི་འཐབ་ཇུས་ཀྱི་གོ་སྐབས་མཁོ་འདོན་བྱས་པ་དེ་ཡིན”ཞེས་ཉེ་དུས་ཀག་ནའི་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་སྲིད་ཇུས་དང་བློ་འདྲི་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རེན་པའོ་ལུའོ·ཧྥུ་ལིན་ཧྥེང་གིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།
ཧྥུ་ལིན་ཧྥེང་གིས། ཀྲུང་གོས་སྒོ་ཁྲལ་མེད་པའི་བྱེད་ཐབས་སྤྱད་པ་ནི་ཨ་ཧྥེ་རི་ཁའི་དཔལ་འབྱོར་གྱི་འབྱུང་འགྱུར་ལ“ཡིད་ཆེས་བློས་འགེལ”བྱས་པ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད། ཁོང་གིས“ཡིད་ཆེས་ཀྱིས་མ་འཇོག་བྱེད་པར་སྒུལ་ཤུགས་བསྣན་པ་དང་། ཀྲུང་གོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཨ་ཧྥེ་རི་ཁར་ཡིད་ཆེས་བྱེད་པ་མཚོན་པས་རྒྱལ་སྤྱིའི་མ་རྩ་སྔར་བས་མང་བ་ཨ་ཧྥེ་རི་ཁར་ཕྱོགས་པ་དང་དེར་མ་འཇོག་བྱེད་པར་སྐུལ་ཁྲིད་ཐུབ་སྟེ་ཨ་ཧྥེ་རི་ཁའི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་སྣོན་ངེས་རེད”ཅེས་བརྗོད།
“ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་ཆེ་བས་དུས་ཡུན་རིང་པོའི་ནང་མ་བཅོས་རྒྱུ་ཆ་ཕྱིར་གཏོང་བྱ་རྒྱུར་བརྟེན་ཐོག ཐོན་ལས་འཁོར་འབྲེལ་ཞན་པ་དང་ཟུར་བསྣན་རིན་ཐང་དམའ་བས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་བྱེད་ཁག་པོ་ཡོད། ཀྲུང་གོས་སྒོ་ཁྲལ་མེད་པའི་བྱེད་ཐབས་སྤྱད་པ་དེས་དེ་བས་བརྟན་པ་དང་དེ་བས་རྒྱ་ཆེའི་ཁྲོམ་རའི་ཆོག་འཐུས་ཐོབ་སྟེ། ཨ་ཧྥེ་རི་ཁ་དཀའ་ངལ་ལས་སྒྲོལ་རྒྱུར་གོ་སྐབས་མཁོ་འདོན་བྱས་ཡོད”ཅེས་ཧྥུ་ལིན་ཧྥེང་གིས་བརྗོད་པ་དང་། ཁོང་གིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་ཁེ་ལས་ཀྱིས་དེ་བས་ཁ་གསལ་བའི་ཡུན་རིང་མ་འཇོག་གི་འཆར་གཞི་བཟོས་ནས། ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་ཞིབ་ཚགས་དང་ཡང་བའི་བཟོ་ལས་ཀྱི་བཟོ་སྐྲུན་དང་དེ་བཞིན་གསར་དར་བཟོ་ལས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ངོས་ནས་བརྗོད་ན་དེ་བས་གལ་འགངས་ཆེ་བས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དེ་མ་བཅོས་རྒྱུ་ཆ་ཕྱིར་གཏོང་ནས་ཟུར་བསྣན་རིན་ཐང་མཐོ་བའི་ཐོན་སྐྱེད་བར་བསྒྱུར་རྒྱུར་རྨང་གཞི་བཏིང་ཐུབ་པས་ཨ་ཧྥེ་རི་ཁ་སྣ་མང་ཅན་གྱི་འཕེལ་རྒྱས་ལམ་བུར་བསྐྱོད་པར་སྐུལ་མ་ཐེབས་རྒྱུ་རེད་ཅེས་བརྗོད།
ཧྥུ་ལིན་ཧྥེང་གིས། ཀྲུང་གོས་སྒོ་ཁྲལ་མེད་པའི་བྱེད་ཐབས་སྤྱད་པ་དེས་ཨ་ཧྥེ་རི་ཁའི་དཔལ་འབྱོར་གྱི་ནང་སྐྱེས་སྒུལ་ཤུགས་ཤུགས་ཆེར་གཏོང་རྒྱུ་དང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གིས་ངེས་པར་དུ་རང་ངོས་ཀྱི་སྟོབས་ཤུགས་རང་འགུལ་ངང་ཆེ་རུ་བཏང་ནས། ཚད་གཞི་འཐུས་ཚང་དང་། ཟོག་འགྲུལ་རིམ་སྤོར། ལྟ་འདོམས་ལེགས་གཏོང་སོགས་ཐད་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་རྒྱུ་དང་། “སྒོ་ཁྲལ་མེད་པའི་བྱེད་ཐབས་སྤྱོད་པའི་དོན་སྙིང་དེ་སྒོ་ཁྲལ་ཙམ་མིན་པར། དེས་ཨ་ཧྥེ་རི་ཁའི་དཔལ་འབྱོར་དེ་བས་ཐོན་སྐྱེད་ལ་དམིགས་པ་དང་དེ་བས་མཉམ་འདྲེས་གཏིང་ཟབ་ཐུབ་པའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་སྐུལ་འདེད་གཏོང་རྒྱུ་རེད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་གོ་སྐབས་དེ་དམ་འཛིན་བྱས་ནས། རང་འགུལ་ངང་རང་ཉིད་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་དང་ལེ་ལག་ཚང་བའི་མ་ལག་འཐུས་ཚང་དུ་བཏང་སྟེ་ཨ་ཧྥེ་རི་ཁའི་དཔལ་འབྱོར་ལ་མཆོང་སྐྱོད་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།