དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་ལག་རྩལ་གྱིས་མཐུན་རྐྱེན་སྦྱོར་བའི་སྡོད་མལ་ལ་འཚམ་པའི་གྲོང་ཁྱེར་གཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-05-11

    ཉེ་བའི་ལོ་ཤས་རིང་། ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་གྱིས“སྤྱི་གླིང+”ལ་བརྟེན་ནས་གྲོང་མིའི་སྤྲོ་གསེང་མྱོང་བ་ཕུན་སུམ་ཚོགས་སུ་བཏང་སྟེ་མི་མེད་གནམ་གྲུའི་རིག་ནུས་སྡེབ་སྐྱེལ་སོགས་དམངས་ཕན་ཆ་འགྲིག་ཞབས་འདེགས་ཞུ་སྟངས་བཏོན་ཞིང་། འདི་ནི་ཡུལ་སྐོར་བས་ཧྲེན་ཀྲེན་ཤེས་ལྡན་པའི་སྤྱི་གླིང་དུ་འཕྲུལ་མིས་བཟོས་པའི་བཏུང་བྱའི་བྲོ་བ་མྱོང་བཞིན་པ།

    ཀྲུང་གོའི་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་རིག་ནུས་ལག་ཐོགས་ཁ་པར་ལ་གློག་གསོག་ཆོག་པའི་རྡོ་བཀྱག་བཙུགས་ཡོད་པས་ལག་ཐོགས་ཁ་པར་དེའི་ཐོག་བཞག་ཚེ་གློག་གསོག་ཐུབ་ཀྱི་ཡོད། དེར་རིན་པ་སྤྲོད་མི་དགོས་པ་མ་ཟད། དྲག་ཆར་རླུང་འཚུབ་སོགས་ཀྱི་གནམ་གཤིས་གང་བསྟན་རུང་ཉིན་མཚན་ཀུན་ཏུ་གློག་གསོག་ཆོག ཕྱི་ཚུལ་ནས་བལྟས་ཚེ་དེ་དོན་དག་ཆུང་ཆུང་ཞིག་ཡིན་རུང་། “དོན་དག་ཆུང་ཆུང”དེ་དག་གིས་གྲོང་ཁྱེར་གྱི་རྣམ་པ་གསར་རྐྱང་དུ་བསྒྱུར་ཡོད། ཀྲུང་གོའི་གྲོང་ཁྱེར་ཆེ་གྲས་ཀྱིས་ལག་རྩལ་གྱི་ཇུས་གཞི་སྣ་ཚོགས་གཞི་ཁྱོན་ཆེན་པོས་ཁྱབ་གདལ་བཏང་ནས་རྒྱུན་གཏན་གྱི་འཚོ་བ་དེ་བས་སྟབས་བདེ་དང་དེ་བས་སྐྱིད་སྣང་དོད་པ་མ་ཟད། དེ་བས་རིག་ལྡན་དུ་རིམ་བཞིན་འགྱུར་བཞིན་ཡོད།

    ཀྲུང་གོའི་ངོས་ནས་བརྗོད་ཚེ། དེ་ནི་སྔ་ས་ནས་འབྱུང་འགྱུར་གྱི་བསམ་ཚུལ་ཙམ་མིན་པར་གྲོང་ཁྱེར་གྱི་བར་མཐོངས་འཕེལ་རྒྱས་གཏོང་བའི་འགྲོ་ལམ་ངེས་ཅན་ཞིག་རེད།

    ཀྲུང་གོའི་གྲོང་ཁྱེར་ཆེ་གྲས་ཁག་གིས་འཆར་ཤེལ་དང་གློག་གསོག་སྒྲིག་ཆས་སྒྲིག་སྦྱོར་བྱས་པའི་རིག་ནུས་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་དང་རིན་པ་མི་དགོས་པའི་Wi-Fiདང་གློག་འདོན་སྒྲིག་ཆས་ཁྱབ་པའི་སྤྱི་པའི་ས་ཁོངས་ཁྱབ་གདལ་གཏོང་བཞིན་ཡོད། རང་འགུལ་ཅན་གྱི་ཆར་གདུགས་དང་། གློག་གསོག་འབོ། རྐང་འཁོར་བོགས་གཏོང་ས་ཚིགས་བཅས་གཅིག་རྗེས་གཉིས་མཐུད་ངང་ཐོན་པ་མ་ཟད། ཐ་ན་སྲིད་དོན་ཞབས་ཞུ་གཉེར་ཆོག་པའི་སྤེལ་རེས་རྣམ་པའི་ཁྲོམ་གཞུང་གི་མཐའ་སྣེ་ཡང་ཡོད།

    ཀྲུང་གོའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འདུ་ཤེས་གསར་པ་དེས་ལག་རྩལ་རྒྱུན་གཏན་གྱི་འཚོ་བ་དང་ནང་འདྲེས་བྱེད་དགོས་པའི་ནན་བཤད་བྱས་ཡོད། ཚིག་གཞན་ཞིག་གི་ཐོག་ནས་བརྗོད་ཚེ། གྲོང་ཁྱེར་ནི་བར་མཐོངས་ཀྱི་གཞི་རྟེན་ཙམ་མ་ཡིན་པར་ཕྱོགས་བསྡུས་ཞབས་ཞུའི་མ་ལག་ཏུ་རིམ་སྤོར་བྱས་ནས་གྲོང་ཁྱེར་རྒྱུན་མཐུད“གོམ་སྟབས་ཆུང་ཡང་མྱུར་བའི”ཁྲོད་དེ་བས་སྡོད་མལ་དང་། རིག་ལྡན། མཉེན་གཤིས་ལྡན་པ་བཅས་སུ་འགྱུར་བར་བྱ་རྒྱུ་དེ་རེད།

    —— ཨུ་རུ་སུའི་རང་མོས་སྨྱན་སྦྱོར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།