དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་སྣ་འདུས་ཐབས་བཟང་12སྤྱད་དེ་འགྲན་བསྡུར་གྱི་སྐབས་དང་བསྟུན་ནས་ལྗང་མདོག་ཞིང་འབྲོག་ཐོན་རྫས་ཀྱི་སྐད་གྲགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-05-11

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང“མཛེས་སྡུག་ལྡན་པའི་མཚོ་སྔོན། ས་མཐོའི་རྐང་རྩེད་སྤོ་ལོ”ཞེས་པའི་རིམ་འདས་རིམ་མཚུངས་མཉམ་འགྲན་སྐབས་གསུམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པར། སྐབས་འདིའི་འགྲན་བསྡུར་གྱིས་འགྲན་བསྡུར་གང་དུ་བྱས་ན་དེ་གར་ཞིང་འབྲོག་ལས་ཀྱི་སྤུས་རྟགས་དྲིལ་བསྒྲགས་དང་ཞིང་འབྲོག་ཐོན་རྫས་འགྲེམས་ཚོང་མཐའ་འཁྱོངས་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཀྲོའུ་ཁག་གིས་བྲིན་སྐུལ་དང་དྲིལ་བསྒྲགས་ཁྱབ་གདལ་མཉམ་སྡེབ་བྱེད་སྟངས་12ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། དྲ་ཐོག་དང་དྲ་ཕྱི་ནས་མཉམ་དུ་ཤུགས་སྣོན་རྒྱག་པ། ཁྲོམ་ར་ཕྱི་ནང་མཉམ་འགུལ་བྱེད་པ། སྤུས་རྟགས་དྲིལ་བསྒྲགས་འོས་སྦྱོར་དང་། ཐོན་རྫས་དྲ་ཐོག་ཏུ་ཕྱིར་ཚོང་། སྨྱན་སྦྱོར་མཉམ་འདྲེས་དྲིལ་བསྒྲགས་སྣེ་འདྲེན། ཐོན་ལས་མཉམ་འདྲེས་གཏིང་ཟབ་བཅས་ཀྱི་ཐད་ཚད་བརྒལ་གསར་པ་ཡོང་བར་བྱེད་པ། འགྲན་བསྡུར་གྱི་ཚད་འབོར་དང་ནུས་ཕྱོད་ཆེར་གཏོང་བཅས་བྱས་པ་བརྒྱུད། འགྲན་བསྡུར་གྱི་སྐབས་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་སྐད་གྲགས་ཆེ་རུ་འགྲོ་བར་བྱས་ཡོད།

    ལས་དོན་དོན་འཁྱོལ་ནུས་ལྡན་ཡོང་ཆེད། ཞིང་ཆེན་ནོར་སྲིད་ཀྱིས་སྤུས་རྟགས་ལ་བརྟེན་ནས་ཞིང་ལས་སྟོབས་ཆེར་གཏོང་བའི་མ་དངུལ་ཁྲོད་ནས་ཆེད་སྤྱོད་མ་དངུལ་སྒོར་ཁྲི་240བཏང་བ་དང་། གྲོང་ཁྱེར་དང་ཀྲོའུ་8སོ་སོས་སྒོར་ཁྲི་30སྤྲད་དེ་འགྲན་བསྡུར་གཙོ་ཕལ་56དུ་འགྲེམས་སྟོན་འགྲེམས་ཚོང་དང་དྲིལ་བསྒྲགས་ཁྱབ་གདལ་གཏོང་བར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་ཡོད། སྐབས་འདིའི་འགྲན་བསྡུར་འགྲེམས་ཚོང་ཁྱབ་གདལ་ལས་དོན་སྤེལ་རིང་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་དང་། ཁེ་ལས་སྤུས་རྟགས། ཐོན་རྫས་སྤུས་རྟགས་བཅས་ཟུང་དུ་འབྲེལ་བའི་རིམ་གསུམ་རྣམ་པ་བཏོད་དེ། “ས་གཙང་མཚོ་སྔོན། ས་མཐོའི་ཐོན་རྫས”ཀྱི་ཞིང་འབྲོག་ལས་ས་ཁོངས་ཀྱི་སྤྱི་སྤྱོད་གཟུགས་བརྙན་སྤུས་རྟགས་རྒྱལ་ཡོངས་སུ་ངོ་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་བཏང་བ་དང་། ཀུན་འདུས་སྨྱན་སྦྱོར་མཉམ་འགུལ་དང་། ཐབས་ལམ་ཡོངས་ནས་དམར་འདོན། རྒྱུག་འབོར་གཞན་སྒྱུར་བཅས་བྱས་ནས“འགྲན་བསྡུར་ལ་ལྟ་བ་དང་། ཅ་དངོས་ཉོ་བ། བསྐྱར་ཉོ་བྱེད་པ”བཅས་ཀྱི་གདུབ་ཟུམ་ཆ་ཚང་ཞིག་ཆགས་པར་བྱས་ཤིང་། འགྲན་བསྡུར་དང་། འགྲེམས་ཚོང་། ཉམས་ལེན། རིག་གནས་ཡུལ་སྐོར། ལུས་གསོ་བཅས་ཟུང་དུ་འབྲེལ་བའི་གཞི་གཅིག་ཅན་གྱི་རྣམ་པ་བཏོད་དེ་བསྐྱར་བཟོ་བྱེད་རུང་བ་དང་ཁྱབ་གདལ་གཏོང་ཐུབ་པའི་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་ཤིག་ཆགས་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།