དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2025ལོ་འཁོར་གྱི“བོད་ཀྱི་བཟོ་བོ”ཡོངས་བསྒྲགས་མཛད་སྒོ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-11

     རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཟླ་5ཚེས་9ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཙོ་གཉེར་བྱས་པའི་2025ལོ་འཁོར་གྱི“བོད་ཀྱི་བཟོ་བོ”ཡོངས་བསྒྲགས་མཛད་སྒོ་ལྷ་སར་འཚོགས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཀུང་ཧུའེ་ཚའེ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

    ཐང་མིང་དབྱིང་དང་ལུའོ་མེ་ཚོགས་འདུར་ཕེབས་པ་རེད།

    འཛམ་གླིང་གི་ཆུ་རགས་འཛུགས་སྐྲུན་གྱི་དཀའ་གནད་སེལ་མཁན་ཆུ་གློག་གི་ལག་རྩལ་ཆེ་མོ་བ་ཧྥན་ཀྲི་ཡུང་དང་། ཞིང་ནང་དུ་ནས་ཀྱི་ཐོན་འབབ་བརྩོན་ལེན་བྱེད་མཁན་སོན་འདེབས་པ་ཐང་ཡ་ཝུའེ། ལག་ཤེས་ཕུལ་བྱུང་གི་ལྷ་བྲིས་དབུ་ཆེན་དཀོན་མཆོག་རྒྱལ། གསེར་དངུལ་ཟངས་ཆས་རྡུང་མཁན་ལག་ཤེས་པ་བསྟན་པ་རྡོ་རྗེ། ལོ་ངོ་20ཡི་རིང་ཞིབ་འཇུག་ལས་ལ་གཞོལ་བའི་ཞིང་འབྲོག་ལག་རྩལ་པ་ཝང་མིང་ཆུང་། རས་ཀྱི་ཞལ་འབག་ལག་ཤེས་པ་ཤི་ལོག སྤོས་རྒྱག་ལག་ཤེས་སླར་གསོ་བྱེད་མཁན་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བསྟན་འཛིན་ཆོས་གྲགས། སྐྱེ་དངོས་ཕྲ་རབ་འཇིག་རྟེན་དུ་བརྩོན་ཞིབ་བྱེད་མཁན་སྐྱེ་དངོས་རིག་པའི་འབུམ་རམས་པ་དབྱང་མན་ཅུན་བཅས་མི་8ལ་2025ལོ་འཁོར་གྱི“བོད་ཀྱི་བཟོ་བོའི”མཚན་སྙན་ཐོབ་ཡོད་པ་རེད།

    ཀུང་ཧུའེ་ཚའེ་ཡིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས“བོད་ཀྱི་བཟོ་བོའི”གཟི་བརྗིད་མཚན་སྙན་ཐོབ་པའི་བློ་མཐུན་རྣམས་ལ་སྤྲོ་སེམས་འཁོལ་པོས་བཀྲ་ཤིས་བདེ་ལེགས་ཞུས་པ་མ་ཟད། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་མཁན་དུས་རབས་གསར་པའི་ས་མཐོའི་ངལ་རྩོལ་པར་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།