ཉིང་ཁྲི་གྲོང་ཁྱེར་གྱིས་འབྲུབ་འགོག་སྲུང་བཅད་བརྟན་པོ་བསྐྲུན་ནས་2026ལོའི་འབྲུབ་འགོག་གི་གྲ་སྒྲིག་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ།
ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་དུ་ཆར་ཆུ་འབབ་ཚད་རྒྱུན་མཐུད་ཆེ་རུ་ཕྱིན་ནས་ཆུའི་བདེ་འཇགས་ཀྱི་ཉེན་ཁའི་འགྲན་སློང་ལ་ཁ་གཏད་གཅོག་ཆེད། ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་འགོག་སྲུང་བྱ་ཐབས་ཞིབ་ཚགས་སུ་བཏང་བ་དང་། འབྲུབ་འགོག་གི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱས་པ་རེད།
གེགས་རྗེས་རོགས་སྐྱོབ་དེ་གནོད་འཚེ་མ་ཐོན་གོང་གི་སྔོན་འགོག་ཕྱོགས་སུ་བསྒྱུར་ཆེད། ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་ཆུ་ལོག་དང་ཐན་སྐྱོན་གྱི་གནོད་འཚེ་སྔོན་འགོག་དང་འབྲུབ་ཆུ་མ་རྒྱས་གོང་གི་རང་བཤེར་ལས་དོན་ཏན་ཏིག་སྤེལ་ནས་ཆུ་ལོག་སྔོན་འགོག་གི་ཞན་ཆའི་ལྷུ་ཚིགས་དང་གཙོ་གནད་ཁག་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་གཏིང་ཟབ་བྱས་པ་དང་། ཆུ་མཛོད་དང་། ཉེན་ཆེའི་ལས་སྒོ་དང་དུམ་བུ། ཆུ་རགས་སྒྲོལ་བའི་སྐྲུན་དངོས། སྐྲུན་བཞིན་པའི་ཆུ་འབྲེལ་ལས་གྲྭ ཆུ་ལོག་གནོད་འཚེ་ཐོན་སླ་བའི་ཁུལ་སོགས་ཞན་ཆའི་ལྷུ་ཚིགས་གཙོ་གནད་དུ་བཟུང་ནས་གྲལ་བཤེར་བྱས་པའི་མངོན་མེད་རྐྱེན་ངན་ལ་རྩིས་ཐོ་བཟོས་ཏེ་དག་ཐེར་གྱི་འགན་འཁྲི་གཙོ་བོ་དང་། བྱ་ཐབས། དུས་བཅད་བཅས་ཁ་གསལ་བཟོས་ནས་གནད་དོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དག་ཐེར་ལ་དམ་འཛིན་བྱེད་པ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་བསལ་ཏེ་འགོག་སྲུང་བྱ་ཐབས་གནོད་འཚེ་མ་ཐོན་གོང་སྤྱོད་ཐུབ་པའི་འགན་ལེན་བྱས་པ་རེད།
ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་གནོད་འཚེ་འགོག་སྲུང་དང་ཚན་རྩལ་མཉམ་ལས་ཁོའོ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར། གྲོང་ཁྱེར་དེ་ཡོངས་སུ་རང་འགུལ་ཆར་ཆུ་འབབ་ཚད་འཇལ་བའི་ས་ཚིགས་144དང་རང་འགུལ་ཆར་ཆུ་འབབ་ཚད་འཇལ་བའི་གཞི་གཅིག་ཅན་གྱི་ས་ཚིགས་59བསྐྲུན་ཡོད། རྫོང་རིམ་པའི་ཆུ་ལོག་གནོད་འཚེའི་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡའི་ལས་སྟེགས་7རིམ་སྤོར་བྱས་པ་དེ་དག་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱའི་ཁྱབ་ཁོངས་ཡོངས་སུ་ཁྱབ་པ་དང་མཉམ་འབྲེལ་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་གཞི་རིམ་དུ་གནད་སྨིན་ངང་འབྱོར་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།