དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་བོད་ས་མཐོའི་སྐྱེ་དངོས་སོན་རྒྱུའི་ཐོན་ཁུངས་མཛོད་ཀྱི་སྒོ་དབྱེའི་གྲངས་གཞི་མཉམ་སྤྱོད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-05-11

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་9ཉིན། གསར་འགོད་པར་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱུང་བར། གོ་ལ་ཧྲིལ་པོའི་མཐོ་གྲང་ས་བབ་མཐོ་བའི་ཆེད་ལས་ཅན་གྱི་སོན་རྒྱུའི་ལས་སྟེགས་འབའ་ཞིག་སྟེ། མཚོ་བོད་ས་མཐོའི་སྐྱེ་དངོས་སོན་རྒྱུའི་ཐོན་ཁུངས་མཛོད་ཀྱིས་གསང་བ་དང་འབྲེལ་བ་མེད་པའི་གྲངས་གཞི་དངོས་སུ་མཉམ་སྤྱོད་བྱེད་འགོ་ཚུགས་ནས་རྒྱལ་ནང་གི་སྒྲིག་མཐུན་ཚན་པར་སོན་རྒྱུའི་ཐོན་ཁུངས་མཁོ་འདོན་བྱེད་པ་དང་འབྲེལ། རྒྱལ་སྤྱིའི་སྐྱེ་ཁམས་ཚན་ཞིབ་མཉམ་ལས་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱས་པ་རེད།

    “སའི་གོ་ལའི་སྣེ་གསུམ་པ”ཞེས་འབོད་པའི་མཚོ་བོད་ས་མཐོར་ཐུན་མོང་མ་ཡིན་པའི་སྐྱེ་དངོས་རིགས་སྣ་མང་ཡོད་པས། སའི་གོ་ལའི་རིམ་འགྱུར་གྱི་གཞི་རྒྱུའི་བང་མཛོད་གལ་ཆེན་ཞིག་ཡིན། མིག་སྔའི་བར། མཚོ་བོད་ས་མཐོའི་སྐྱེ་དངོས་སོན་རྒྱུའི་ཐོན་ཁུངས་མཛོད་དུ་རིམ་རྩིས་བརྒྱབ་ན་སོན་རྒྱུའི་ཐོན་ཁུངས་ཁྲི་10ལྷག་ཙམ་དང་། སྐྱེ་དངོས་ཀྱི་དངོས་དཔེ་ཁྲི་70ལྷག་ཙམ། རྒྱུད་གྲུབ་རིགས་པའི་གྲངས་གཞི་100TBལྷག་ཙམ་བཅས་ཉར་ཚགས་བྱས་ཡོད་པ་དག་ས་མཐོའི་རྩ་ཆེའི་སྐྱེ་དངོས་ཀྱི“གཞི་རྒྱུའི་གྲུ་གཟིངས”སུ་གྱུར་ཡོད།

    ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཀྲང་ཧྥ་ཆི་ཡིས། སོན་སྤུས་མཛོད་ཀྱི་ལས་འགན་གཙོ་བོ་ནི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུ་དང་། སྟོངས་ཉེར་ཡོད་པའི་རྩི་ཤིང་མྱུར་སྐྱོབ་བྱེད་རྒྱུ། ས་མཐོར་དམིགས་བསལ་དུ་ཡོད་པའི་རྒྱུད་འཛིན་གཞི་རྐྱེན་ཉར་ཚགས་བྱ་རྒྱུ་བཅས་རེད། མིག་སྔར་དེས་ཕ་ཁི་སི་ཐན་དང་ནེ་པ་ལ་སོགས་མཐའ་འཁོར་རྒྱལ་ཁབ་དང་མཉམ་འབྲེལ་ཐོག་སྲུང་སྐྱོང་ཞིབ་འཇུག་བྱེད་པ་མ་ཟད། ཨུ་རུ་སུ་དང་པར་ཙིར་སོགས་རྒྱལ་ཁབ་མང་པོའི་ཚན་ཞིབ་སྒྲིག་གཞིར་བརྟེན་ནས། གོ་ལ་ཧྲིལ་པོའི་མཐོ་གྲང་སོན་སྤུས་སྲུང་སྐྱོང་གི་དྲ་རྒྱ་བཙུགས་ཏེ་ཐོན་ཁུངས་དང་གྲངས་གཞི་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་གི་ཡོད་ཅེས་ངོ་སྤྲོད་བྱས།

    ཀྲང་ཧྥ་ཆི་ཡིས། གོམ་སྟབས་རྗེས་མར་འཚོལ་བསྡུ་དང་ཉར་ཚགས་བྱེད་པའི་རྨང་གཞིའི་ཐོག་སྟོངས་ཉེར་ཡོད་པའི་སྐྱེ་དངོས་རིགས་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་དང་དབྱེ་ཞིབ་གཙོ་གནད་དུ་བཟུང་ནས། སྟོངས་ཉེའི་དངོས་རིགས་དང་གནམ་གཤིས་དྲོ་རུ་འགྲོ་བའི་དབར་གྱི་འབྲེལ་བ་འཚོལ་ཞིབ་བྱ་རྒྱུ་དང་ཆབས་ཅིག མི་ཐབས་ལ་བརྟེན་ནས་ཐེ་ཇུས་དང་ཚོད་ལྟ་ཁང་གི་འདྲ་བཟོ་སོགས་ཀྱི་བྱ་ཐབས་བརྒྱུད་མཐོ་གྲང་རྩི་ཤིང་ལ་སྔར་བས་ཞིབ་འཇུག་དང་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།