དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • འགྲན་རར་ལང་ཚོའི་ཉམས་འགྱུར་ངོམས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-10

    ཉེ་ཆར། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཧའེ་ཏན་སློབ་ཆུང་གིས་2026ལོའི་དཔྱིད་དུས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་སྤེལ་འགོ་ཚུགས་པ་རེད། ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་ངོ་མཚར་རབ་ཏུ་དོད་ཅིང་། སློབ་གྲོགས་ཚོའི་ཞབས་བྲོའི་སྟངས་སྟབས་འཁྲུག་ལ་སྙིང་སྟོབས་རབ་ཏུ་འཕེལ་བ་ཞིག་ཡོད། འགྲན་རར་འགྲན་བསྡུར་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། འགྲན་བསྡུར་ལ་ཞུགས་མཁན་སློབ་ཕྲུག་ཚོས་དཀའ་སྤྱད་སྙིང་རུས་དང་མཐུན་སྒྲིལ་རོགས་རེས་བྱས་ཏེ་ལུས་སྦྱོང་ཁྲོད་དུ་གསོན་ཤུགས་ངོམ་པ་དང་དཀའ་སྤྱད་རྔུལ་ཆུ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།