དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྣེ་གདོང་ཆུས་ཀྱིས་ཞིང་པའི་སྡོད་ཁང་གི་ཡོམ་འགོག་སྒྱུར་བཀོད་ལས་གྲྭ་ལག་ལེན་བསྟར་འགོ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-10

    ཉེ་ཆར། སྣེ་གདོང་ཆུས་ཀྱི་ཞིང་པའི་སྡོད་ཁང་ལ་ཡོམ་འགོག་དང་ནུས་རྒྱུ་གྲོན་ཆུང་གི་སྒྱུར་བཀོད་བྱེད་པའི་གཅིག་གྱུར་འཆར་འགོད་འཛུགས་སྐྲུན(རང་སྐྲུན)གྱི་འགོ་ཚུགས་མཛད་སྒོ་སོ་དྲུག་ཤང་སྡིང་སྣ་གྲོང་ཚོའི་ཚོགས་ཆུང་གཉིས་པར་སྤེལ་བ་དང་། དེ་ཐོག་ནས་སྣེ་གདོང་ཆུས་ཀྱི་ཞིང་པའི་སྡོད་ཁང་ལ་ཡོམ་འགོག་དང་ནུས་རྒྱུ་གྲོན་ཆུང་གི་སྒྱུར་བཀོད་བྱེད་པའི་གཅིག་གྱུར་འཆར་འགོད་འཛུགས་སྐྲུན(རང་སྐྲུན)གྱི་ལས་གྲྭ་ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་པ་མཚོན་གྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་སྡིང་སྣ་གྲོང་ཚོའི་ཞིང་པའི་སྡོད་ཁང་སྒྱུར་བཀོད་མང་ཚོགས་253དང་དུད་ཚང་59ལ་འབྲེལ་བ་ཡོད། མང་ཚོགས་ཀྱི་ཁང་པ་སྐྲུན་པའི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་ཆེད། སྣེ་གདོང་ཆུས་ཀྱིས“བོད་སྐྱོར་མ་དངུལ་གྱིས་རྒྱབ་སྐྱོར་དང་། སྲིད་གཞུང་ནོར་སྲིད་ཀྱིས་ཁ་གསབ། གྲོང་ཚོའི་མཉམ་སྡེབ་ཀྱིས་མ་དངུལ་འོས་འཚམ་འདོན་པ། མང་ཚོགས་ཀྱིས་ལུགས་མཐུན་རང་གྲབས་བྱེད་པ”བཅས་ཀྱི་མ་དངུལ་གྲབས་གསོག་བྱེད་སྟངས་འཚོལ་ཞིབ་བྱས་ནས་ལག་ལེན་བསྟར་ཏེ། དམངས་ཀྱི་སྡོད་ཁང་བསྐྲུན་པར་ཁྱོན་མ་དངུལ་སྒོར་ཁྲི་1798བཏང་བ་རེད། དེ་དང་དུས་མཚུངས་མ་དངུལ་ཆེད་དོན་རྩིས་ཁྲར་དོ་དམ་དང་། ཆེད་དངུལ་ཆེད་སྤྱོད། མངོན་གསལ་ཡོངས་བསྒྲགས་བཅས་བྱས་ཏེ་བརྒྱུད་རིམ་ཧྲིལ་པོར་མང་ཚོགས་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་ཐུབ་པར་བྱས་ནས། དངུལ་སྐར་མ་ཙམ་ཡང་སྤྱོད་གོ་ཆོད་སར་སྤྱད་དེ་ཁྱིམ་ཚང་ཁྲི་སྟོང་མང་པོར་དངོས་འབྲེལ་ཕན་པ་ཐོབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།