དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མི་ཐབས་རིག་ནུས་ཀྱི་ནུས་པ་ཆེར་གཏོང་གི་རྒྱལ་སྤྱིའི་མཉམ་ལས་མཛའ་གྲོགས་ཚོགས་ཆུང་གི་ཆེད་དོན་ཚོགས་འདུ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-05-09

    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མི་ཐབས་རིག་ནུས་ཀྱི་ནུས་པ་ཆེར་གཏོང་གི་རྒྱལ་སྤྱིའི་མཉམ་ལས་མཛའ་གྲོགས་ཚོགས་ཆུང(མི་ཐབས་རིག་ནུས་མཛའ་གྲོགས་ཚོགས་ཆུང)གི་ཆེད་དོན་ཚོགས་འདུ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འཚོགས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཧྥུའུ་ཚུང་དང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཙན་པི་ཡའི་འཐུས་མི་མོ་ལའེ་པོ་ཡིས་མཉམ་དུ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀྲུང་གོ་ཚན་རྩལ་པུའི་པུའུ་ཀྲང་གཞོན་པ་ཁྲེན་ཅ་ཁྲང་དང་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཏང་ཙུའི་ཁོངས་མི་ལུའོ་ཧུའེ་ཚོགས་འདུར་ཞུགས་ནས་ཤིས་ཚིག་བསྒྲོན་པ་རེད།

    ཧྥུའུ་ཚུང་གིས་གསུངས་དོན། མི་ཐབས་རིག་ནུས་མཛའ་གྲོགས་ཚོགས་ཆུང་བཙུགས་ཚུན། དངོས་སྒྲུབ་རྣམ་གྲངས་མཉམ་ལས་བྱས་པ་བརྒྱུད་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དང་ནུས་པ་ཆེར་གཏོང་ལ་སྐུལ་འདེད་ཐེབས་ཡོད། ཀྲུང་གོས་མི་རྩ་བར་འཛིན་པ་དང་། ཕྱོགས་མང་རིང་ལུགས། ཕན་འབྲས་བརྩོན་ལེན་བཅས་མུ་མཐུད་མཐའ་འཁྱོངས་བྱས་ཏེ་མི་ཐབས་རིག་ནུས་ཀུན་ཕན་དགེ་བརྩོན་ཡོང་བ་དང་གོ་ལ་ཧྲིལ་པོར་ཕན་པ་འདོགས་པར་སྐུལ་འདེད་གཏོང་གི་ཡིན།

    རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་50ལྷག་ཙམ་ནས་ཡོང་བའི་འཐུས་མི་120ལྷག་ཙམ་ད་ཐེངས་ཀྱི་ཚོགས་འདུར་ཞུགས་ཤིང་། རྒྱལ་ཁབ་ཁག་གི་འཐུས་མིས་མི་ཐབས་རིག་ནུས་ཀྱི་ནུས་པ་ཆེར་གཏོང་ཁྱབ་ཁོངས་ཁྲོད་ཀྱི་མི་ཐབས་རིག་ནུས་མཛའ་གྲོགས་ཚོགས་ཆུང་གི་དགེ་མཚན་ལྡན་པའི་ནུས་པར་ཚད་མཐོའི་གདེང་འཇོག་བྱས་པ་དང་འབྲེལ། མཉམ་ལས་སྒྲོམ་གཞི་སྔར་བས་འཛུགས་པ་དང་དངོས་སྒྲུབ་བྱ་ཐབས་སྤྱད་དེ་མི་ཐབས་རིག་ནུས་ཀུན་ཕན་དགེ་བརྩོན་ཡོང་བར་འགན་ལེན་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།