དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་ཧྭའི་རིག་གནས་ཀྱི་མཛེས་པ་ཉམས་སུ་མྱོང་བ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། རེན་ཧའོ་ཡུས།   |     སྤེལ་དུས།  2026-05-09

    ཉེ་ཆར། སོ་ཏི་ཨ་རབ་ཀྱི་ནུའུ་ལཱ་ཀོང་ཇོ་སློབ་ཆེན་དང་རྒྱལ་པོ་ཨ་པུའུ་ཏུའུ་ལེ·ཨ་ཆི་ཙིའི་སྤྱི་པའི་དཔེ་མཛོད་ཁང་སོགས་སྒྲིག་གཞིས་མཉམ་དུ་གཉེར་བའི“རྒྱལ་སྤྱིའི་རྒྱ་ཡིག་ཉིན་མོའི”རྟེན་འབྲེལ་བྱེད་སྒོ་རི་ཡ་ཏེ་རུ་སྤེལ་བ་རེད། རྒྱ་ཡིག་ལ་དགའ་པོ་བྱེད་མཁན་མང་པོ་ཞིག་གིས་ཐུན་མོང་ཐོག་ཀྲུང་ཧྭའི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱས་པ་རེད།

    མདུན་དུ་བཞག་པའི་རྒྱ་ཆས་སྣ་ཚོགས་མཐོང་དུས། སོ་ཏི་ཨ་རབ་ཀྱི་བུ་མོ་ལི་མུའུ་མིག་ཡིད་རབ་ཏུ་འཕྲོག “ད་བྱེད་དུས་ཀྲུང་གོའི་སྲོལ་རྒྱུན་གྱི་རྒྱན་གོས་མཛེས་པོ་འདི་འདྲ་ཡོད་པ་འདྲ”ཞེས་ལི་མུའུ་ཡིས་གྱོན་གོས་ཚད་རྒྱག་སྐབས་བསྔགས་བརྗོད་བྱས། བྱེད་སྒོར་ཞུགས་མཁན་ཚོར་སྔར་བས་ཕུན་སུམ་ཚོགས་པའི་མྱོང་ཚོར་ཡོང་ཆེད། སུར་ཐན་ཆིན་ཝང་སློབ་ཆེན་ཁུང་ཙི་སློབ་གླིང་གི་དགེ་རྒན་གྱིས་ཀྲུང་གོའི་ལོ་རྒྱུས་ཀྱི་དུས་རབས་མི་འདྲ་བའི་རྒྱ་རིགས་ཀྱི་མོ་ཆས་5དང་ཕོ་ཆས་2སོགས་འཁྱེར་ཡོད་པ་རེད། ལི་མུའུ་ཡིས“རྒྱ་ཆས་མཛེས་པོ་དེ་དག་བརྒྱུད་རང་ཉིད་ལོ་རྒྱུས་དེའི་ཁྲོད་གནས་པའི་ཚོར་སྣང་ཞིག་བྱུང་ལ། ཀྲུང་ཧྭའི་རིག་གནས་ཀྱི་མཛེས་པ་དེ་བས་ཚོར་བྱུང”ཞེས་བཤད།

    རྒྱ་ཆས་གྱོན་པ་དང་། ཡིག་གཟུགས་འབྲི་བ། ཇ་ཡི་བྲོ་བ་མྱོང་བ་སོགས་ཀྱི་ཉམས་ལེན་ཕུད། གར་སྟེགས་ཁུལ་གྱི་མཉམ་སྤྱོད་ཀྱིས་ཀྱང་ལྟད་མོ་བ་མང་པོའི་ཡིད་དབང་བཀུག་ཡོད་པ་རེད།

    སོ་ཏི་ཨ་རབ་ཀྱི་སློབ་གྲྭ་ཆེ་མོ་བ་གསུམ་པོས་ད་དུང་ན་ནིང་ཟླ་11པར་ཀྲུང་གོར་སློབ་སྦྱོང་དང་ལག་ལེན་བྱེད་པར་ཡོང་བའི་ཉམས་མྱོང་མཉམ་སྤྱོད་བྱས་པ་སྟེ། “ངས་ཀྲུང་གོའི་བརྒྱངས་དཀྲོལ་རོལ་ཆ་དཀྲོལ་གཏོང་ཚོད་ལྟ་བྱས་པ་ཡིན” “ཀྲུང་གོའི་ཇའི་རིག་གནས་ཉམས་ལེན་བྱས་པ་དེས་ངས་ཇ་རིགས་མི་འདྲ་བ་ཤེས་རྟོགས་ཐུབ་བྱུང” “ཀྲུང་གོར་སློབ་སྦྱོང་བྱེད་པ་དང་འཚོ་བ་སྐྱེལ་བའི་གཟའ་འཁོར་གཉིས་རིང་ས་གནས་དེ་གའི་རིག་གནས་ཤེས་རྟོགས་གཏིང་ཟབ་བྱ་རྒྱུ་དེ་སྐད་ཡིག་ཁོ་ནར་བརྟེན་པ་ཙམ་མ་ཡིན་པར། མཉམ་འགུལ་དང་ཉམས་ལེན་བྱ་རྒྱུ་དེའང་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད་འདུག”ཅེས་སློབ་མ་ཚོས་མཉམ་སྤྱོད་བྱས་པ་དེས་ལྟད་མོ་བ་ཚོར་ཀྲུང་གོ་དང་ཨ་རབ་ཀྱི་རིག་གནས་སྤེལ་རེས་ཐད་མྱོང་ཚོར་ཟབ་མོ་བྱུང་ཡོད་པ་རེད།

    “ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་གཏམ་གླེང་བྱས་ནས་སྤེལ་རེས་ཀྱི་འབྲེལ་ཟམ་བཙུགས་ཏེ་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ཕན་ཚུན་ཤེས་རྟོགས་དང་འབྲེལ་བ་ཇེ་ཟབ་ཏུ་གཏོང་ཆེད་ཡིན”ཞེས་སོ་ཏི་ཨ་རབ་ཀྱི་རིག་གནས་མཁས་དབང་ཨ་སི་མ·ཁ་ཉི་ཨེར་གྱིས་བཤད།

    མིག་སྔར། རྒྱ་ཡིག་དེ་སོ་ཏི་ཨ་རབ་ཀྱི་རྒྱལ་དམངས་སློབ་གསོའི་མ་ལག་ནང་དངོས་སུ་བཅུག་ཡོད་པ་དང་། རྒྱ་ཡིག་གི་སློབ་ཁྲིད་དེ་སློབ་གྲྭ་འབྲིང་ཆུང་ནས་མཐོ་རིམ་སློབ་གསོའི་བར་གྱི་དུས་མཚམས་ཁག་ལ་ཁྱབ་ཡོད།

    སུར་ཐན་ཆིན་ཝང་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཀྲུང་གོ་ཕྱོགས་ཀྱི་ཡོན་ཀྲང་ཀྲང་ཤིན་ཡིང་གིས། སློབ་གླིང་གིས་སོ་ཏི་ཨ་རབ་ཀྱི་སློབ་གསོའི་སྒྲིག་གཞི་ཁག་དང་སྤེལ་རེས་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་བྱེད་སྒོ་སྤེལ་ནས་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་ཤེས་དཔལ་གྱི་སྤེལ་རེས་མིག་ལྟོས་དང་མི་དམངས་དབར་གྱི་མཛའ་གྲོགས་འགྲོ་འོང་ལ་རམ་འདེགས་བྱེད་རྒྱུ་རེད་ཅེས་བཤད།

    (འདི་ག་ཚགས་པར་ཁང་དུ་རི་ཡ་ཏེ་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།