དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་སྡོམ་དོ་དམ་ལ་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་ཕུལ་ཡོད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲེང་ཞང་།   |     སྤེལ་དུས།  2026-05-09

    སི་ར་ལ་ཨོང་གི་རྒྱལ་ས་ཧྥུ་རི་ཐོན་གྱི་གྲོང་འདབས་སུ་ཐོག་ཁང་དཀར་པོ་ཞིག་ཆགས་པ་དེ་ནི་སི་ར་ལ་ཨོང་དང་ཀྲུང་གོའི་མཛའ་གྲོགས་སྐྱེ་དངོས་བདེ་འཇགས་ཚོད་ལྟ་ཁང(གཤམ་དུ“སི་ཀྲུང་མཛའ་གྲོགས་སྐྱེ་དངོས་བདེ་འཇགས་ཚོད་ལྟ་ཁང”ཞེས་བསྡུ་རྒྱུ)ཡིན་ཞིང་། 2015ལོར་དངོས་སུ་སྤྱོད་འགོ་ཚུགས་པ་ནས་ད་ཆ་རྒྱུན་རྣམ་ཅན་གྱི་འགོ་ནད་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་བྱེད་པའི་བར། ཚོད་ལྟ་ཁང་གིས་དུས་ཐེངས་གསུམ་གྱི་རྣམ་གྲངས་འཛུགས་སྐྲུན་བྱས་པ་བརྒྱུད། ཨའེ་པོ་ལ་ནད་དུག་ཞིབ་དཔྱད་ཚད་ལེན་གྱི་ལས་སྟེགས་རྐྱང་པ་ནས་ཞིབ་དཔྱད་ཚད་ལེན་གྱི་རྣམ་གྲངས་བཅུ་གྲངས་ཁྱབ་པའི“ཀུན་ནུས་ཅན”དུ་འཕེལ་རྒྱས་ཕྱིན་ཡོད། ལོ་10ལྷག་ཙམ་རིང་། ཀྲུང་གོའི་སྤྱི་པའི་འཕྲོད་བསྟེན་རིགས་གཅིག་མཁས་ཅན་ཚོས་སི་ར་ལ་ཨོང་ཕྱོགས་དང་ཐུན་མོང་ཐོག་སྲ་ཞིང་བརྟན་པའི་སྤྱི་པའི་འཕྲོད་བསྟེན་གྱི་སྲུང་བཅད་བརྟན་པོ་བསྐྲུན་ཡོད།

    2014ལོར་ཨའེ་པོ་ལ་རིམས་ནད་ཐོན་རྗེས། ཀྲུང་གོ་སྲིད་གཞུང་གིས་སི་ར་ལ་ཨོང་ཕྱོགས་ཀྱི་རེ་ཞུ་མགྱོགས་མྱུར་དང་ལེན་བྱས་ཏེ་སི་ར་ལ་ཨོང་གི་ཞིབ་དཔྱད་ཚད་ལེན་དང་འགོག་བཅོས་ནུས་པ་ཚབས་ཆེན་མི་འདང་བར་བསམ་གཞིག་བྱས་ནས“དུས་ཐུང་དང་ཡུན་རིང་ཟུང་འབྲེལ་དང་། སྒུལ་བདེ་དང་གཏན་འཇགས་ཚོད་ལྟ་ཁང་ཟུང་འབྲེལ”གྱི་རོགས་སྐྱོར་རྩ་དོན་བཏོན་ཏེ། མྱུར་བར་ཚོད་ལྟ་ཁང་འཛུགས་སྐྲུན་བྱེད་འགོ་བཙུགས་པ་རེད།

    ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ནད་དུག་སུའོ་ཡི་ཞིབ་འཇུག་པ་ཏུང་ཞའོ་ཕིང་གིས་སྐབས་དེ་དུས་ཀྱི་ཛ་དྲག་གནས་ཚུལ་ཕྱིར་དྲན་བྱེད་སྐབས“མགྱོགས་མྱུར”ཞེས་པའི་ཚིག་ཡང་ཡང་བརྗོད། “དང་ཐོག‘མགྱོགས་མྱུར་སྐྲུན་དགོས’ ཚོད་ལྟ་ཁང་2014ལོའི་ཟླ་11པར་སྐྲུན་འགོ་ཚུགས་པ་དང་ཕྱི་ལོའི་ཟླ་2ཚེས་11ཉིན་ལས་མཇུག་འགྲིལ་ནས་དུས་ཡུན་ཉིན་87ལས་འགོར་མེད། དེ་ནས‘ཞིབ་དཔྱད་ཚད་ལེན་མགྱོགས་མྱུར་བྱེད་དགོས’ ཨའེ་པོ་ལ་རིམས་ནད་མཇུག་འགྲིལ་སྐབས་ཚོད་ལྟ་ཁང་གིས་རིམ་རྩིས་བརྒྱབ་ན་དོགས་ཡོད་མ་དཔེར་ཞིབ་དཔྱད་ཚད་ལེན་བྱེད་ཚད་ཁྲི་1ལྷག་ཙམ་ཟིན་པ་དེ་སི་ར་ལ་ཨོང་བཅའ་སྡོད་རྒྱལ་ཁབ་ཁག་གི་ཚོད་ལྟ་ཁང་ནས་ཞིབ་དཔྱད་ཚད་ལེན་བྱེད་ཚད་ཨང་གཉིས་པར་སླེབས་པ་དང་འབྲས་བུ་དུས་ཐོག་ཏུ་སྐྱེལ་ཚད་ཨང་དང་པོར་སླེབས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྩ་ཆེའི་དུས་ཚོད་བརྩོན་ལེན་བྱས་ཡོད”

    མིག་སྔར་ཚོད་ལྟ་ཁང་དེ“སི་ར་ལ་ཨོང་གི་ནད་དུག་རང་བཞིན་གྱི་ཁྲག་རྡོལ་ཚ་ནད་རྒྱལ་ཁབ་ཀྱི་བསྡུར་གྲངས་ཚོད་ལྟ་ཁང”དང“ནད་རྐྱེན་ལ་ཞིབ་དཔྱད་ཚད་ལེན་དང་སྐྱེ་དངོས་བདེ་འཇགས་ཀྱི་རྒྱལ་ཁབ་གསོ་སྦྱོང་ལྟེ་གནས”སུ་གྱུར་ནས་སི་ར་ལ་ཨོང་གི་འགོ་ནད་སྔོན་འགོག་ཚོད་འཛིན་གྱི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར་ཡོད།

    “ང་ཚོས་ལོ་10ལྷག་ཙམ་རིང་བྱ་བ་གཅིག་ཧུར་ཐག་བསྒྲུབས་ནས་ཞིབ་བཤེར་ལག་རྩལ་ས་གནས་དེ་གར་ངོ་མ་བསླབ་པ་ཡིན” ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་འགོ་ནད་སུའོ་ཡི་སུའོ་ཀྲང་ཁན་ཅུན་གྱིས། ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་སི་ར་ལ་ཨོང་ལ“སྐས་རིམ་རིམ་སྤོར”གྱི་ཤེས་ལྡན་མི་སྣའི་གསོ་སྐྱོང་མ་ལག་ཅིག་བསྐྲུན་ཡོད། གཞི་རིམ་མི་སྣར་དམིགས་ནས་དུས་ཐུང་དངོས་སྦྱོང་གཙོ་བོར་བྱས་ཏེ་མི་དེ་བས་མང་བས་རྨང་གཞིའི་ཞིབ་དཔྱད་ཚད་ལེན་གྱི་རྩལ་ནུས་ཁོང་དུ་ཆུད་པར་བྱས་པ་དང་། ལག་རྩལ་རྐང་འཛིན་པར་དམིགས་ནས“མཛུབ་ཁྲིད་དགེ་རྒན་ལམ་ལུགས”ཀྱི་ཡུན་རིང་སློབ་ཁྲིད་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱི་ཚོགས་པས་དུས་ཐུང་གསོ་སྦྱོང་འཛིན་གྲྭ་ཐེངས་37གཉེར་ནས་རིམ་རྩིས་བརྒྱབ་ན་སི་ར་ལ་ཨོང་ཕྱོགས་ལ་སྤྱི་པའི་འཕྲོད་བསྟེན་མི་སྣ་1061གསོ་སྦྱོང་བྱས་པ་དང་། ཚོད་ལྟ་ཁང་གི་ལག་རྩལ་མི་སྣ་19ཡུན་རིང་གསོ་སྐྱོང་བྱས་པ། མི་5ཀྲུང་གོར་རབ་འབྱམས་པའམ་ཡང་ན་འབུམ་རམས་པའི་སློབ་གནས་སྦྱོང་བར་བཏང་ཡོད་ཅེས་བརྗོད།

    ད་ཆ་ཚོད་ལྟ་ཁང་ལ་སི་ར་ལ་ཨོང་ཕྱོགས་ཀྱི་མི་སྣ་12ལས་གྲུབ་པའི་ས་གནས་དེ་གའི་ལག་རྩལ་ཚོགས་པ་ཞིག་ཡོད་པ་དེ་སི་ར་ལ་ཨོང་གི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་བྱེད་པའི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད།

    སི་ཀྲུང་མཛའ་གྲོགས་སྐྱེ་དངོས་བདེ་འཇགས་ཚོད་ལྟ་ཁང་ལ་བརྟེན་ནས་ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་སི་ར་ལ་ཨོང་འཕྲོད་བསྟེན་པུའུ་ཡིས་2021ལོར“རྒྱུད་གཅིག་ལམ་གཅིག”གི་མཉམ་འབྲེལ་ཚོད་ལྟ་ཁང་མཉམ་སྐྲུན་བྱས་པ་དེ་ནི་འདར་ནད་དང་རྒྱུ་ཚད་སོགས་གཙོ་བོ་ཨ་ཧྥེ་རི་ཁ་ནུབ་མའི་ས་ཁུལ་དུ་ཐོན་མང་བའི་འགོ་ནད་ལ་དམིགས་ཡོད།

    སི་ཀྲུང་མཛའ་གྲོགས་སྐྱེ་དངོས་བདེ་འཇགས་ཚོད་ལྟ་ཁང་གིས་རྒྱལ་སྤྱིའི་མཉམ་ལས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས“ཀྲུང་གོ་དང་། སི་ར་ལ་ཨོང་། ཀའེ་ཚི་ཐེབས་རྩ་ལྷན་ཚོགས”བཅས་ཕྱོགས་གསུམ་པོའི་མཉམ་ལས་བྱེད་སྟངས་སྤེལ་བ་རེད། ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་ལྟེ་གནས་ཀྱི་ཀྲུའུ་རེན་ཆི་ཞའོ་ཕུང་གིས་ངོ་སྤྲོད་བྱས་དོན། འདར་ནད་འདུས་རྡུལ་ཚོད་ལྟ་ཁང་གི་རིམས་ནད་རིག་པའི་དྲ་རྒྱའི་ནུས་པ་འཛུགས་སྐྱོང་གི་ཚོད་ལྟའི་རྣམ་གྲངས་ཁྲོད་ཀྲུང་གོ་ཕྱོགས་ཀྱིས་འདར་ནད་སྔོན་འགོག་གི་ལག་རྩལ་ཇུས་གཞི་དང་། ཞིབ་དཔྱད་ཚད་ལེན་སྒྲིག་ཆས། རིགས་གཅིག་མཁས་ཅན་བཅས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱས་པ་དང་། སི་ར་ལ་ཨོང་ཕྱོགས་ཀྱིས་ས་གནས་དེ་གའི་དགོས་མཁོ་གཞིར་བཟུང་ལག་བསྟར་ལས་སྟེགས་དང་མི་སྣ་མཁོ་འདོན་བྱས་པ། ཀའེ་ཚི་ཐེབས་རྩ་ལྷན་ཚོགས་ཀྱིས་མ་དངུལ་བཏང་བ་དང་འབྲེལ་རྒྱལ་སྤྱིའི་དོ་དམ་ཉམས་མྱོང་ནང་འདྲེན་བྱས་ནས་སི་ར་ལ་ཨོང་ལ་རང་བརྟེན་དང་རྒྱུན་མཐུད་ཆོག་པའི་འདར་ནད་ཀྱི་ལྟ་ཞིབ་ཚད་ལེན་ནུས་པ་འཛུགས་རོགས་བྱས་ཡོད།

    ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཅན་ཝུའེ་ཡིས་ཨའེ་པོ་ལ་རིམས་ནད་འགོག་རྒོལ་བྱེད་པ་ནས་སྤྲེའུ་འབྲུམ་སྔོན་འགོག་ཚོད་འཛིན་བྱེད་པའི་བར་དང་། འཕྲལ་སྡོམ་རོགས་སྐྱོར་ནས་ལམ་སྲོལ་མཉམ་སྐྲུན་བྱེད་པའི་བར་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སི་ར་ལ་ཨོང་དང་དཔུང་པ་མཉམ་གཤིབ་ངང་བསྐྱོད་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།