དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པ་བྱིས་པའི་སེམས་ལ་གཏིང་ཟབ་ཟུག་པར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-09

    ཕོ་བྲང་ནང་གི་ཤོག་བུའི་སྒྱུ་རྩལ་བསྐྱར་བཞེངས་ཉམས་ལེན་བྱེད་སྒོ་སྤེལ་ཞིང་། འདི་ནི་སློབ་གྲོགས་ཚོས་ལག་ཏུ་ཇེམ་ཙེ་དང་ཚོན་ཤོག་བཟུང་ནས། “རིག་དངོས་བསྐྱར་བཟོ་མཁན་ཆུང་ཆུང”ཞིག་བྱས་ཏེ། མི་རིགས་རིག་གནས་ཕོ་བྲང་དུ་ཉར་ཚགས་བྱས་པའི་དཔེ་མཚོན་རི་མོ་དང་ཡོ་བྱད་ཤོག་བུས་བསྐྱར་བཟོ་བྱེད་བཞིན་པ།

    འདི་ནི་ཤིས་ཏན་སློབ་ཆུང་གི་སློབ་མས་མི་རིགས་རིག་གནས་ཕོ་བྲང་ལ་ལྟ་སྐོར་བྱས་ནས་མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་བཞིན་པ།

    ཟླ་5ཚེས་6ཉིན། སྐབས་གསུམ་པའི“འགྲེམས་ཁང་དང་སློབ་གྲྭ་གཉིས་འབྲེལ་ནས་གསོ་སྐྱོང་བྱེད། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད། པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་ཤིས་ཏན་སློབ་ཆུང་གི་སློབ་མ་ཚོ་མི་རིགས་རིག་གནས་ཕོ་བྲང་དུ་བསྐྱོད་དེ་ཤེས་ཡོན་གྱི་རང་བཞིན་དང་སྤྲོ་སྣང་གི་རང་བཞིན་ལྡན་པའི་སྒོ་ནས་དབྱིངས་ཞུགས་རྣམ་པའི་མི་རིགས་ཀྱི་རིག་གནས་མྱོང་རོལ་བྱེད་འགོ་ཚུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།