དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ལྔ་གཅིག”གུང་གསེང་རིང་སྒེར་འཁོར་བཏང་ནས་ཡུལ་སྐོར་ལ་འགྲོ་མཁན་གྱིས་གཞུང་ལམ་བརྒྱུད་འགྲུལ་བཞུད་བྱེད་མཁན་བསྡོམས་འབོར་གྱི་བཅུ་ཆ་བརྒྱད་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-09

    འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གྲངས་གཞི་ལས་མངོན་པར། འདི་ལོའི“ལྔ་གཅིག”གུང་གསེང་རིང་། སྤྱི་ཚོགས་ཡོངས་སུ་ས་ཁོངས་བསྒྲལ་ནས་འགྲུལ་བཞུད་བྱེད་མཁན་མི་ཐེངས་དུང་ཕྱུར་15.17དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་30342.56ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་3.49%འཕར་ནས་ལོ་རྒྱུས་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

    གཞུང་ལམ་བརྒྱུད་ཡུལ་སྐོར་ལ་འགྲོ་མཁན་གྱིས་སྔར་བཞིན་གནས་བབ་གཙོ་བོ་བཟུང་ཞིང་། གུང་གསེང་རིང་། གཞུང་ལམ་བརྒྱུད་འགྲུལ་བཞུད་བྱེད་མཁན་མི་ཐེངས་ཁྲི་139172དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་27834.4ཟིན་པ་དེ་དུས་མཚུངས་ལས་3.51%འཕར་ཡོད་པ་རེད། དེའི་ནང་གཞུང་ལམ་གྱི་གཉེར་སྐྱོང་རང་བཞིན་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་19885དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་3977ཟིན་པ་དེ་དུས་མཚུངས་ལས་9.53%འཕར་ཡོད་པ་རེད།

    སྒེར་འཁོར་བཏང་ནས་ཡུལ་སྐོར་ལ་འགྲོ་མཁན་གྱི་བསྡུར་ཚད་རྒྱུན་མཐུད་འཕར་ཞིང་། གུང་གསེང་རིང་། མྱུར་བགྲོད་གཞུང་ལམ་དང་དེ་བཞིན་རྒྱལ་ཁབ་དང་ཞིང་ཆེན་ལམ་དཀྱུས་མའི་གཉེར་སྐྱོང་རང་བཞིན་མིན་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་བསྡད་དེ་འགྲུལ་བཞུད་བྱེད་མཁན་་མི་ཐེངས་དུང་ཕྱུར་12ཙམ་ཟིན་པ་དེས་གཞུང་ལམ་བརྒྱུད་འགྲུལ་བཞུད་བྱེད་མཁན་བསྡོམས་འབོར་གྱི་བཅུ་ཆ་བརྒྱད་བཟུང་བ་དང་ཉིན་རེར་ཆ་སྙོམས་མི་ཐེངས་དུང་ཕྱུར་2.38ཟིན་པ་དེ་དུས་མཚུངས་ལས་2.575%འཕར་ཡོད། ཏིར་ཏིར་ཕྱིར་སྐྱོད་གྲངས་གཞི་ལས་མངོན་པར། འདི་ལོའི“ལྔ་གཅིག”གུང་གསེང་རིང་། ས་ཆ་གཞན་གྱི་འཁོར་འབོད་མངགས་ཐོ་དུས་རྒྱུན་ལས་33%འཕར་ནས་རླངས་འཁོར་བོགས་གཏོང་དང་། གློག་གསོག སྣུམ་སྣོན་སོགས་ཀྱི་དགོས་མཁོ་དེ་དང་བསྟུན་ནས་ཆེ་རུ་ཕྱིན་ཡོད་པ་རེད།

    ལྕགས་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་10637.7དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་2127.54ཟིན་པ་དེ་དུས་མཚུངས་ལས་4.6%འཕར་བ་དང་། ཆུ་ཐོག་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་849.2དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་169.84ཟིན་པ། དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་1054དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་210.8ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།