དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “གཞི་རིམ་བཅོས་སྐྱོང་དེང་རབས་ཅན་གྱི་རྨང་གཞིའི་རང་བཞིན་གྱི་ལས་དོན་ལ་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཚུང་། ཀྲེང་ཧའེ་ཨོའུ།   |     སྤེལ་དུས།  2026-05-09

    འདི་ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེ་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་བ་དང་འབྲེལ། ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས“ངེས་པར་དུ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་བྱས་ཏེ་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་ནུས་ཕྱོད་ཆེ་བའི་བཅོས་སྐྱོང་ལ་གཞི་གཅིག་ཏུ་དམ་འཛིན་ཡག་པོ་བྱེད་དགོས”ཞེས་ནན་བཤད་གནང་ཡོད། འདི་ལོའི་ཟླ་བ་2པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་རྟོག་ཞིབ་གནང་སྐབས“ཏང་འཛུགས་སྐྱོང་གི་ཁྲིད་སྟོན་མཐའ་འཁྱོངས་དང་ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བར་ཤུགས་སྣོན་བརྒྱབ་སྟེ། གྲོང་ཁྱེར་བཅོས་སྐྱོང་དེ་བས་ཕན་ནུས་ཆེ་བ་དང་ཞིབ་ཚགས་ཡོང་བར་བྱེད་དགོས”ཞེས་གསུངས་ཡོད།

    གཞི་རིམ་ནི་རྒྱལ་ཁབ་བཅོས་སྐྱོང་གི་མཐའ་སྣེ་ཡིན།

    ཀུའེ་ཀྲོའུ་ཀུའེ་དབྱང་གྲོང་ཁྱེར་ཀོན་ཧྲན་མཚེའུ་ཆུས་ཅིན་དབྱང་ཁྲོམ་གཞུང་ཅིན་ཡོན་སྡེ་ཁུལ་དུ་བསྐྱོད་སྐབས་ས་ཆ་མི་ཉུང་བ་ཞིག་གི་མངོན་གསལ་དོད་སར་རྩ་གཉིས་ཨང་རྟགས་སྦྱར་ཡོད། གྲོང་མིས་སྡེ་ཁུལ་ལ་གྲོས་འགོ་ཡོད་ཚེ་རྩ་གཉིས་ཨང་རྟགས་བཤེར་ན་གོང་ཞུ་བྱེད་ཐུབ། ཆུང་བ་ཁུལ་ཆུང་གི་སྒྲིག་བཀོད་ཉམས་བཟོ་ནས་ཆེ་བ་རྒན་རྒོན་གྱི་སློབ་གྲྭ་གྲབས་འཛུགས་བྱེད་པའི་བར། སྡེ་ཁུལ་གྱི་དོན་དག་ལ་ཚང་མས་མཉམ་དུ་དོ་ཁུར་བྱས་ཏེ་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་མཉམ་སྤྱོད་བྱེད་ཀྱི་ཡོད་པ་རེད།

    གཞི་རིམ་སྟོབས་ཆེར་ཕྱིན་ན་རྒྱལ་ཁབ་སྟོབས་ཆེར་འགྲོ་བ་དང་། གཞི་རིམ་བདེ་འཇགས་ལྡན་ན་གནམ་འོག་དུས་བདེ་ཡོང་སྲིད། 2021ལོའི་ཟླ་2པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅིན་ཡོན་སྡེ་ཁུལ་དུ་ཕེབས་ནས་དམངས་ཕན་ཞབས་འདེགས་དང་གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅིས“གཞི་རིམ་བཅོས་སྐྱོང་དེང་རབས་ཅན་གྱི་རྨང་གཞིའི་རང་བཞིན་གྱི་ལས་དོན་ལ་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས” ཞེས་གསུངས་པ་རེད།

    “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དང་། ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་མཐའ་འཁྱོངས་ཀྱིས་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་དང་སྤྱི་ཚོགས་བཅོས་སྐྱོང་སྲིད་ཇུས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།

    ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་དང་རྩ་སྲ་རྨང་བརྟན་གྱིས་བཅོས་སྐྱོང་གི་ལེགས་ཆ་འདོན་སྤེལ་བྱེད་པ།

    2025ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་སྡེ་ཁུལ་གྱི་དོན་དག་ལ་ཐུགས་ཁུར་ཟབ་མོ་གནང་གི་ཡོད།

    “ཁྱེད་ཚོའི་སྡེ་ཁུལ་དུ་མི་ག་ཚོད་ཡོད་དམ”

    “མི་7266ཡོད་པ་དང་། དེ་ནི་གྲོང་མིའི་སྡེ་ཁུལ་5ལས་གྲུབ་པ་ཞིག་རེད། ང་ཐོག་མར་འདིར་ཡོང་སྐབས་མི་3000ལྷག་ཙམ་ལས་མེད་པ་དང་ད་ཆ་ལྡབ་གཅིག་འཕར་འདུག”

    “སྡེ་ཁུལ་གྱི་ཧྲུའུ་ཅི་ནི‘སྲང་ལམ་ཆུང་ཆུང་གི་ཙུང་ལི’ཡིན་པ་དང་དོ་དམ་བྱེད་དགོས་པའི་བྱ་བ་ཧ་ཅང་མང་པོ་ཡོད་པས་ལས་སླ་པོ་ཞིག་གཏན་ནས་མ་རེད”ཅེས་སྤྱི་ཁྱབ་ཧྲུའུ་ཅིས་མྱོང་ཚོར་ཟབ་མོས་གསུངས། བྱ་བ་གང་ཞིག་ལས་ཀྱང་འགག་རྩར་དམ་འཛིན་བྱེད་དགོས། ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱས་ཏེ་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གཏོད་པར་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་དང་ཁ་ཕྱོགས་ཀྱི་མཛུབ་ཁྲིད་བྱེད་དགོས།

    “གཞི་རིམ་གྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་བ་དེ་སྤྱི་ཚོགས་བཅོས་སྐྱོང་དང་གཞི་རིམ་འཛུགས་སྐྱོང་ལ་ཁྱབ་པའི་དམར་ཐིག་ཅིག་ཏུ་བརྩི་དགོས”

    གཞི་རིམ་དང་སྡེ་ཁུལ་དུ་སྐྱོད་རིམ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་དགོས”ཞེས་ནན་བཤད་ཐེངས་མང་གནང་ཡོད།

    ཀྲི་པུའུ་གཅིག་ནི་མཁར་རྫོང་ཞིག་དང་། ཏང་ཡོན་གཅིག་ནི་དར་ཆ་ཞིག་རེད།

    ཏང་འཛུགས་སྐྱོང་ཁྲིད་སྟོན་མཐའ་འཁྱོངས་བྱས་ཚེ་གཞི་ནས་ཕྱོགས་གང་ཅིའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་གཞི་རིམ་བཅོས་སྐྱོང་གི་ཁྱབ་ཁོངས་སུ་བསྡུ་སྒྲིལ་ཐུབ་ལ། ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་དེ་སྤྱི་ཚོགས་བཅོས་སྐྱོང་གི་ནུས་ཕྱོད་དུའང་འགྱུར་ཐུབ།

    རིག་གནས་ལ་བརྟེན་ནས་མི་སྣ་ལེགས་སྐྱོང་དང་མཐུན་འགྲོགས་མཉམ་གནས་ལ་བརྟེན་ཏེ་བཅོས་སྐྱོང་གི་བློ་གྲོས་གཅིག་ཏུ་སྒྲིལ་དགོས།

    2024ལོའི་ཟླ་10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལིའུ་ཁྲེ་སྲང་ལམ་དུ་རྟོག་ཞིབ་གནང་སྐབས“ལོ་རྒྱུས་རིག་གནས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་དང་། གསར་བརྗེའི་རིག་གནས་དར་སྤེལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བཅས་ཀྱི་ཐད་མཉམ་དུ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་བཅོས་སྐྱོང་གི་རིག་གནས་རྨང་གཞི་བརྟན་པོ་འདིང་དགོས”ཞེས་གསུངས་ཡོད།

    ལོ་རྒྱུས་མེ་ལོང་དུ་འཛིན་ནས་སྲིད་སྐྱོང་རྒྱལ་སྐྱོང་བྱེད་དགོས།

    བློ་མཐུན་ཞི་ཅིན་ཕིང་ཀྲེ་ཅང་དུ་ཕྱག་ལས་གནང་རིང་ཁོང་སྐུ་ངོ་མས་སྐུལ་འདེད་དང་ཇུས་འགོད་གནང་བ་དང“ཧྥུང་ཆའོ་ཡི་ཉམས་མྱོང”གསར་གཏོད་དང་འཕེལ་རྒྱས་གཏོང་རྒྱུ་དེ“དུས་བདེའི་ཀྲེ་ཅང”དང“ཁྲིམས་སྐྱོང་ཀྲེ་ཅང”འཛུགས་སྐྲུན་ནང་མཉམ་འདྲེས་གཏིང་ཟབ་བྱས་ནས་ཀྲེ་ཅང་གི་སྤྱི་ཚོགས་བཅོས་སྐྱོང་གི་ཕྱོགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཡོད།

    2023ལོའི་ཟླ་9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲེ་ཅང་ཀྲུའུ་ཅི་གྲོང་ཁྱེར་ཧྥུང་ཆའོ་གྲོང་རྡལ་དུ་ཕེབས་ནས“མི་དང་མི་ཚང་མ་མཐུན་སྒྲིལ་རོགས་རེས་དང་ཞི་མཐུན་མཉམ་གནས་བྱེད་དགོས། དེའི་ནང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཡོད་ལ་མར་ཁེ་སི་རིང་ལུགས་ཀྱང་ཡོད”ཅེས་གསུངས་པ་རེད།

    “ཟུང་འབྲེལ་གཉིས་པ”ཡིས་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་ལ་ཀྲུང་གོའི་བློ་གྲོས་དང་ཇུས་གཞི་མཁོ་འདོན་བྱས་ཡོད། “མཐུན་འགྲོགས་མཉམ་གནས”ཀྱི་རིག་གནས་གཞི་རྒྱུ་དེང་རབས་གཞི་རིམ་བཅོས་སྐྱོང་ནང་མཉམ་འདྲེས་བྱས་ཏེ་དེང་རབས་ཀྱི་རིན་ཐང་གསོན་ཉམས་དོད་པོ་ཞིག་མངོན་ཡོད།

    མི་དམངས་ཀྱི་ཆེད་དུ་དང་མི་དམངས་ལ་བརྟེན་ནས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་དགོས།

    “མཉམ་སྐྲུན་བྱས་ཚེ་གཞི་ནས་མཉམ་སྤྱོད་བྱེད་ཐུབ་པ་དང་། མཉམ་སྐྲུན་གྱི་བརྒྱུད་རིམ་ཡང་མཉམ་སྤྱོད་ཀྱི་བརྒྱུད་རིམ་ཞིག་རེད”

    སྲང་ལམ་དང་སྒོ་རའི་རིམ་སྤོར་སྒྱུར་བཀོད་ཀྱི་སྙིང་གཏམ་གླེང་མོལ་ཚོགས་འདུ་ཞིག་འཚོགས་ནས་ཁྲོམ་གཞུང་དང་། སྡེ་ཁུལ། གྲོང་མི་སོགས་ཀྱི་འཐུས་མི་མཉམ་དུ་འཛོམས་ཡོད།

    2019ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིང་གྲོང་ཁྱེར་ཏུང་ཁྲེང་ཆུས་ཚའོ་ཁྲང་སྲང་ལམ་ཨང་བཞི་པའི“སྒོ་ར་ཆུང་ངུའི་དོན་གྲོས་ཚོམས་ཁང”དུ་ཕེབས་ནས་དགྱེས་ཚོར་ཆེན་པོས་གྲོས་བསྡུར་ནང་ཞུགས་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅིས“སྒོ་ར་ཆུང་ངུའི་དོན་གྲོས་ཚོམས་ཆེན”བཙུགས་ནས“གྲོང་མིའི་དོན་དག་གྲོང་མིས་གྲོས་བསྡུར་བྱེད་པ་དང་གྲོང་མིའི་དོན་དག་གྲོང་མིས་གཏན་འཁེལ་བྱེད་པ”དེས་སྡེ་ཁུལ་གྱི་གྲོང་མིའི་གཏོགས་སེམས་དང་བདག་པོའི་འདུ་ཤེས་ཟབ་ཏུ་འགྲོ་བར་ཕན་ཐོགས་ཡོད་པ་མ་ཟད། སྡེ་ཁུལ་བཅོས་སྐྱོང་དང་ཞབས་ཞུའི་གནད་སྨིན་ཅན་དང་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་ཐུབ་ཅེས་གསུངས་པ་རེད།

    “མི་དམངས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དོན་དག་གང་འདྲ་སྒྲུབ་དགོས་མིན་མི་དམངས་ནང་ཁུལ་དུ་གྲོས་མོལ་ཡག་པོ་བྱེད་དགོས་པ་དང་། གྲོས་མོལ་མ་བྱས་པའམ་ཡང་ན་གྲོས་མོལ་བྱེད་ཚད་མ་འདང་ཚེ་དོན་དག་ཡག་པོ་ཞིག་སྒྲུབ་ཧ་ཅང་ཁག་པོ་རེད”

    “ཁྱོད”དང་། “ང”“ཁོང”བཅས་ལས“ཚང་མ”གྲུབ་ཡོད། མཉམ་གྲོས་མཉམ་བཅོས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གསར་གཏོད་ལ་སྐུལ་འདེད་གཏོང་བ་ནི་མང་ཚོགས་ལ་བརྟེན་ནས་བཅོས་སྐྱོང་གི་དཀའ་གནད་སེལ་བའི་བརྟག་ཐབས་སྨྲ་བ་ཞིག་རེད་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་རེད།

    “སྒོ་རའི་ཚོགས་འདུ”ནས“རྐུབ་སྟེགས་དམངས་གཙོའི”བར་དང་དྲ་ཕྱིའི“གྲལ་སྒོར་ཚོགས་འདུ”ནས་དྲ་ཐོག་གི“དོན་གྲོས་ཚོགས་པའི”བར་ས་གནས་ཁག་གིས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་གཞི་རིམ་བཅོས་སྐྱོང་ནང་མཉམ་འདྲེས་བྱས་ནས་མི་ཚང་མ་དེའི་ནང་ཞུགས་པ་དང་། མི་ཚང་མས་ནུས་ཤུགས་ཡོད་རྒུ་འདོན་པ། མི་ཚང་མར་གྲུབ་འབྲས་ཐོབ་སྣང་ཡོང་བ་བཅས་བྱས་ཡོད།

    “རྒྱལ་སྲིད་སྐྱོང་བའི་གཞི་མ་ནི། དམངས་ཕན་རྩ་བར་འཛིན་པ་དེ་ཡིན”

    2024ལོའི་ཟླ་11པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧུའུ་པེ་ཅ་ཡུས་རྫོང་སི་དབྱི་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་སྐབས་གྲོང་ཚོའི་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་ཀྱི་གྱང་ངོས་སུ་སྦྱར་བའི《མང་ཚོགས་ལ་ཞབས་འདེགས་ཞུ་བའི་དོན་ཚན་གསལ་ཐོ》ལ་སྤྱི་ཁྱབ་ཧྲུའུ་ཅི་དོ་སྣང་ཆེན་པོ་བྱུང་ཡོད། “སྔོན་ཆད་ཕལ་ཆེ་བ་ནི་མང་ཚོགས་ལ་བྱ་བ་སྒྲུབ་དགོས་པའི་བླང་བྱ་འདོན་པ་དང་ད་ཆ་མང་ཆེ་བ་ནི་ཏང་ཡོན་ལས་བྱེད་པས་མང་ཚོགས་ལ་བྱ་བ་སྒྲུབ་པ་དང་ཞབས་འདེགས་ཞུ་བ་དེ་ནི་རྩ་བ་ནས་འགྱུར་ལྡོག་བྱུང་བ་ཞིག་རེད”

    “རྩ་བའི་འགྱུར་ལྡོག”དེ་མི་དམངས་ཀྱི་བློ་ཡིད་ཚིམ་ཚད་རྩ་བའི་ཚད་གཞིར་བཟུང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་སེར་གྱི་སེམས་ལ་གདེང་ཚོད་ཡོད། ང་ཚོས་མི་སེར་སེམས་ལ་བཞག་ཚེ་མི་སེར་གྱིས་གཞི་ནས་ང་ཚོ་སེམས་ལ་འཇོག་སྲིད”ཅེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།