དངོས་འཐབ་སྦྱོང་བརྡར་བྱས་ནས་འགོག་སྲུང་འཛིང་རཌ་བརྟན་དུ་བཏང་བ།

ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་གིས་མི་མེད་གནམ་གྲུའི་དངོས་འཐབ་བཀོལ་སྤྱོད་དང་འཕྲལ་སྡོམ་རང་སྒྲིག་དྲ་བ་བཀོལ་སྤྱོད་སོགས་ཀྱི་ནང་དོན་ལ་དམིགས་ནས་མེ་གསོད་རུ་མི་སྒྲིག་འཛུགས་བྱས་ཏེ་དངོས་འཐབ་སྦྱོང་བརྡར་བྱས་ཤིང་། ཐེངས་འདིའི་སྦྱོང་བརྡར་གྱི་བརྒྱུད་རིམ་ཧྲིལ་པོར་དངོས་འཐབ་ཅན་གྱི་ཡུལ་རྣམ་ལ་གཞིགས་ནས་སྦྱོང་བརྡར་གྱི་ནང་དོན་བཀོད་སྒྲིག་བྱས་ཏེ། རོགས་སྐྱོབ་བྱ་ཡུལ་གྱི་ཕྱོགས་བསྡུས་མྱུལ་ཞིབ་དང་ཆ་འཕྲིན་དུས་ཐོག་ཏུ་བརྒྱུད་གཏོང་བྱེད་ནུས་གཙོ་གནད་ཐོག་ཞུན་བརྡར་བཏང་ནས། གོམ་སྟབས་རྗེས་མར་དངོས་འཐབ་ལས་འགན་སྒྲུབ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།
འདི་ནི་སྦྱོང་བརྡར་ལ་ཞུགས་མཁན་རུ་མིས་མི་མེད་གནམ་གྲུ་མ་འཕུར་གོང་གི་གྲ་སྒྲིག་ལས་དོན་སྣ་ཚོགས་སྒྲུབ་བཞིན་པ།
འབྲེལ་ཡོད་གསར་འགྱུར།