ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་ཆེན་པོ་སྐབས་བཞི་པའི་སྤྱི་ཚོགས་ཡོངས་འདེམས་ལྷ་ས་རུ་བྱས་པ།
ཉིན་ཤས་གོང་། 2026ལོའི་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་ཆེན་པོ་སྐབས་བཞི་པའི་སྤྱི་ཚོགས་ཡོངས་འདེམས་དང་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་བྱེད་སྒོ་ལྷ་སར་སྤེལ་བ་རེད། བྱེད་སྒོ་དེ་ནི་གུང་གཞོན་སྡེ་ཚོགས་ལྗོངས་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་དང་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། དེའི་དམིགས་ཡུལ་ནི་གཏམ་བཤད་འགྲན་བསྡུར་དང་དྲིལ་བསྒྲགས་སློབ་གསོ་ཟུང་འབྲེལ་གྱི་རྣམ་པ་བརྒྱུད། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱེད་པ། རང་རེའི་ཀྲུང་ཧྭ་ལ་དགའ་བའི་ས་བོན་དེ་གཞོན་ནུ་ལོ་ཆུང་ཚང་མའི་སེམས་ཀྱི་ཞིང་སར་འདེབས་པ་བཅས་ལ་སྔར་བས་ཁྲིད་སྟོན་བྱ་ཆེད་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་ཆེན་པོ་དེ་2023ལོར་བྱེད་འགོ་བཙུགས་པ་ནས་བཟུང་། སྐབས་གསུམ་བསྟུད་མར་སྤེལ་ཞིང་འགྲན་བསྡུར་གྱི་གཞི་ཁྱོན་དང་ཤུགས་རྐྱེན་ཐེབས་ནུས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། དང་ཐོག་མར་གཞོན་ནུ་ལོ་ཆུང་2000ལྷག་ཙམ་ཞུགས་པ་ནས་2025ལོར་མི་ཁྲི་7ལ་ཁྱབ་པ་དང་། དྲ་ཐོག་བརྒྱུད་སྤེལ་བྱེད་ཐེངས་ཁྲི་སྟོང་ལྷག་ཙམ་ཟིན་ཏེ། འགྲན་བསྡུར་ཆེན་པོ་དེ་ཉིད་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོའི་མཚོན་རྟགས་རང་བཞིན་གྱི་འགྲན་བསྡུར་རྩེ་གྲར་གྱུར་ནས། ལྗོངས་ཡོངས་སུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཤོད་པའི་ཚ་རླབས་རྒྱུན་མཐུད་འཕྱུར་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།