དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གྱིས་སྲིད་འཛིན་ཁྲིམས་སྒྱུར་ནུས་པ་ཆེ་རུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ལག་ལེན་བསྟར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-08

    ཉེ་ཆར། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ནས་གནས་ཚུལ་འབྱོར་བ་ལྟར་ན། ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས《མཚོ་སྔོན་ཞིང་ཆེན་གྱི་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་ནུས་པ་ཆེ་རུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི(2026ལོ་ནས་2028ལོ་བར)》བཀྲམ་ནས“ལོ་གཅིག་ནང་རྨང་གཞི་བརྟན་དུ་གཏོང་བ་དང་། ལོ་གཉིས་ནང་ཕན་འབྲས་ཐོན་པ། ལོ་གསུམ་ནང་རྩ་བ་བརྟན་པོ་ཚུགས་པ”བཅས་སྤྱིའི་བསམ་ཕྱོགས་སུ་བྱས་ནས་ཁྲིམས་འཛིན་ཆེད་ལས་ཅན་དང་། གྲངས་འཛིན་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་ཆབ་སྲིད་བརྟན་པོ་དང་། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་ཉམས་སད་ཐེག་ཐུབ་པ། སྒྲིག་ཁྲིམས་ནན་པ་བཅས་ཀྱི་ཁྲོམ་རའི་ལྟ་འདོམས་ཀྱི་ཁྲིམས་སྒྱུར་དམག་ཧྲག་ཅིག་ཧུར་ཐག་གཏོད་རྒྱུ་ཡིན་པ་རེད།

    ད་ཐེངས་ཀྱི་བྱ་སྤྱོད་དེས་ཁྲོམ་ར་ལྟ་འདོམས་ཁྲིམས་སྒྱུར་གྱི་ལས་ཀ་གཙོ་བོར་དམ་པོར་དམིགས་ནས་ཁྲིམས་སྒྱུར་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ལས་རིགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་གི“སྒུལ་ཤུགས་གཉིས་ཀྱི་སྐུལ་འདེད”མཐའ་འཁྱོངས་ཀྱིས་དུས་མཚམས་དབྱེ་ནས་གཙོ་གནད་ལས་འགན་ལ་སྐུལ་འདེད་བཏང་ཡོད། 2026ལོར་ཚད་ལྡན་བཟོ་བ་དང་ལམ་སྲོལ་འཛུགས་རྒྱུར་དམིགས་ནས་ཁྲིམས་སྒྱུར་དོན་ཚན་གྱི་གསལ་ཐོ་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱེད་པ་དང་། སྲིད་འཛིན་ཆད་གཅོད་ཀྱི་རང་མོས་གཅོད་འདེམས་དབང་ཆའི་བྱ་ཐབས་དག་བཅོས་བྱེད་པ། ལས་མི་ཡོངས་ཀྱི་ཁྲིམས་སྒྱུར་གྱོད་གཞི་ཐག་གཅོད་2.0ཁྱབ་གདལ་གཏོང་བ། གྱོད་གཞི་ཚབས་ཆེན་དོ་དམ་དང་ཁྲིམས་སྒྱུར་གྱི་ལེ་ལག་ཚང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། རིམ་དབྱེ་དང་རིགས་དབྱེའི་གསོ་སྦྱོང་བཅས་བྱས་ནས་ཁྲིམས་སྒྱུར་ཚད་ལྡན་ཅན་གྱི་རྨང་གཞི་བརྟན་པོ་བཏིང་ཡོད། 2027ལོར་ནུས་པ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་ལྟེ་བར་བྱས་ཏེ་རིག་ལྡན་ཁྲིམས་འཛིན་མ་ལག་བེད་སྤྱོད་ཆེ་རུ་བཏང་ནས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་གྲངས་འཛིན་ཅན་གྱི་གྱོད་སྒྲུབ་ཡོངས་སུ་ཁྱབ་པ་དང་། དངོས་འཐབ་དམག་སྦྱོང་དང་། ལས་རྣམ་གསར་པའི་ལྟ་འདོམས་དང་ས་ཁོངས་སྒྲོལ་བའི་ཁྲིམས་སྒྱུར་མཉམ་ལས་བཅས་ལ་ཤུགས་སྣོན་རྒྱག་པ། ཞིང་ཆེན་རིམ་པའི་ཁྲིམས་སྒྱུར་ཤེས་ལྡན་པའི་མཛོད་བསྐྲུན་པ། ཁྲིམས་སྒྱུར་ལས་བྱེད་པ་80%ཡན་ལ་རང་ཚུགས་གྱོད་སྒྲུབ་བྱེད་ནུས་ལྡན་པར་སྐུལ་འདེད་གཏོང་བ། ཟིལ་གནོན་གྱི་ནུས་པ་ལྡན་པའི་དཔེ་མཚོན་གྱོད་དཔེ་ཁག་གཅིག་ཞིབ་བཤེར་ཐག་གཅོད་བཅས་བྱ་རྒྱུ་ཡིན་པ་རེད། 2028ལོར་སྤུས་རྟགས་གཏོད་པ་དང་རྩ་བ་བརྟན་དུ་གཏོང་བར་དམིགས་ནས་ཁྲིམས་སྒྱུར་ལྟ་འདོམས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དཔུང་ཁག་དངོས་གཞི་ཅན་གྱི་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ། “རིན་གོང་བརྟན་དུ་གཏོང་བ”དང“ཁུ་ནུའི་ཁུ་ཚུར་ཆེན་པོ”སོགས་ཁྱད་ལྡན་ཁྲིམས་འཛིན་སྤུས་རྟགས་བཏོད་དེ་འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་ཁྲིམས་སྒྱུར་བྱེད་སྟངས་ཤིག་ཆགས་པར་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།