“འདི་ནི་ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་དབྱེར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བའི་དཔང་རྟགས་ཡག་ཤོས་རེད”
ཉིན་ཤས་གོང་། ཨ་རི་དང་། དབྱིན་ཇི། ཧྥ་རན་སེ། ཨུ་རུ་སུ་སོགས་རྒྱལ་ཁབ་དང་ས་ཁུལ་10ལྷག་ཙམ་ནས་ཡོང་བའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་70ཙམ་གྱིས་ཀྲུང་གོའི་ཧྲང་ཧའེ་དང་ཀོང་ཏུང་དུ་བཅར་འདྲི་བྱས་ཏེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་བྱེད་ཚད་ཆེ་རུ་བཏང་བའི་སྐོར་གྱི་ཀྲུང་གོའི་ལག་ལེན་གྱི་ཕན་འབྲས་ཉམས་སུ་མྱངས་པ་རེད།
ཧྲང་ཧའེ་རུ་བཅར་འདྲི་བྱེད་རིང་། ཕྱི་རྒྱལ་སྨྱན་སྦྱོར་གྱི་གསར་འགོད་པ་ཚོས་ཀྲུང་གོའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་སྤུས་འབྲས་ལེགས་གཉེར་ཇི་ལྟར་བྱས་པའི་སྐོར་ལ་དམིགས་ནས“ཧྲང་ཧའེ་འཕེལ་རྒྱས་གཏོང་རིང་ཕྱི་རྒྱལ་གྱི་ཁེ་ལས་ལ་ལེགས་ཆ་གང་དག་ཡོད་དམ” “ཕྱི་རྒྱལ་གྱི་མ་དངུལ་ལ་འཕེལ་ཕྱོགས་དང་ཁྱད་ཆོས་གསར་པ་གང་འདྲ་ཡོད་དམ” “ཀྲུང་གོ་འཕེལ་རྒྱས་གཏོང་རིང་ཕྱི་རྒྱལ་ཁེ་ལས་ལ་གདེང་ཚོད་གང་ནས་བྱུང་ངམ”ཞེས་དྲི་བ་མང་པོ་བཏོན་པ་རེད།
“མིག་སྔར་ཧྲང་ཧའེ་རུ་ཕྱི་རྒྱལ་གྱི་ཁེ་ལས་ཁྲི་8ཙམ་ཡོད་པ་དང་། རིམ་རྩིས་བརྒྱབ་ན་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་ཨ་སྒོར་དུང་ཕྱུར་3800ལས་བརྒལ་ཡོད། ད་ལོ་ཕྱི་རྒྱལ་གྱི་མ་དངུལ་གྱི་འབྲེལ་ཡོད་དམིཌ་ཚད་རྒྱུན་མཐུད་ལེགས་སུ་འགྲོ་བཞིན་ཡོད”ཅེས་ཧྲང་ཧའེ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝུའུ་ཝེ་ཡིས་བརྗོད་ཅིང་། ཁོང་གིས“མིག་སྔར་ཧྲང་ཧའེ་རུ་རིམ་རྩིས་བརྒྱབ་ན། རྒྱལ་སྒྲོལ་ཀུང་སིའི་ས་ཁུལ་སྤྱི་ཁྱབ་པུའུ་1000ལྷག་ཙམ་གཏན་འཁེལ་བྱས་ཡོད། ཕྱི་རྒྱལ་གྱི་ཁེ་ལས་མི་ཉུང་བ་ཞིག་གིས་ཀྲུང་གོར་ཁེ་ལས་བཙུགས་ནས་ཐོབ་པའི་ཁེ་སྤོགས་ཀྱིས་མུ་མཐུད་ཀྲུང་གོར་མ་དངུལ་གཏོང་གི་ཡོད། འདི་ནི་ཕྱི་རྒྱལ་གྱི་ཁེ་ལས་ཀྱིས་མུ་མཐུད་ཀྲུང་གོར་རེ་ལྟོས་བྱེད་པའི་མཚོན་ཚུལ་གསོན་ཉམས་དོད་པོ་ཞིག་རེད”ཅེས་བརྗོད་ཡོད།
“ཐོན་རྫས་ཡག་པོར་རྒྱལ་མཚམས་མེད”མིག་སྔར་ཧྲང་ཧའེ་ཡི་བཟོ་གྲྭས་ཀྲུང་གོའི་རྒྱལ་ནང་གི་ཁྲོམ་རར་ཐོན་རྫས་མཁོ་འདོན་བྱེད་པ་མ་ཟད། ད་དུང་རླངས་འཁོར་གསུམ་ཆ་གཅིག་ཕྱི་རྒྱལ་དུ་ཕྱིར་གཏོང་བྱེད་པ་དང་ད་ལོའི་ཟླ་གསུམ་པར་རླངས་འཁོར་ཁྲི་3ཙམ་ཕྱིར་གཏོང་བྱས་ཡོད་ཅེས་ཐེ་སི་ལ་རིམ་འདས་བཟོ་གྲྭར་ཐེ་སི་ལ་ཀུང་སིའི་ཙུང་ཚའེ་གཞོན་པ་ཀྲུང་གོ་ཁུལ་གྱི་ཙུང་ཚའེ་ཝང་ཧའོ་ཡིས་ཕྱི་རྒྱལ་སྨྱན་སྦྱོར་གྱི་གསར་འགོད་པར་ངོ་སྤྲོད་བྱས་ཡོད།
“ངས་ཨ་མེ་རི་ཁ་གླིང་བྱང་མ་དང་། ཡོ་རོབ། ཨ་ཧྥེ་རི་ཁ་བཅས་ནས་ཡོང་བའི་ཚོང་པ་མང་པོས་ཀོང་ཀྲོའུ་ཚོང་འདུས་སུ་ཐོན་རྫས་གསར་ཤོས་ཉོ་བ་མཐོང་བྱུང་། དེ་ལྟ་བུའི་བྲིན་ཁ་རྒྱུག་པའི་རྣམ་པ་ལས་ཀྲུང་གོའི་སྒོ་དབྱེ་བྱེད་ཚད་གསལ་བཤད་ཐུབ་ཀྱི་ཡོད”ཅེས་ཧན་གོའི་མཉམ་འབྲེལ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེང་ཤིང་ཁྲའོ་ཡིས་བཤད།
ཧྲེན་ཀྲེན་ཐེང་ཤུན་པིན་ཧའེ་ཚོམས་ཆེན་དུ་བཅར་འདྲི་ཚོགས་པས་ད་དུང་རྒྱལ་སྒྲོལ་གཏོང་སྤྲོད་ལག་རྩལ་ཤེས་རྟོགས་དང་ཉམས་ལེན་བྱས་ཤིང་། ཀྲེང་ཤིང་ཁྲའོ་ཡིས“ད་ཆ་ཀྲུང་གོར་ཡུལ་སྐོར་དང་དངོས་ཟོག་ཉོ་བར་ཡོང་མཁན་ཧན་གོའི་གཞོན་ནུ་ཇེ་མང་དུ་འགྲོ་ཡི་ཡོད། ཧན་གོར་ཀྲུང་གོའི་རིག་གནས་བསམ་བཀོད་ཐོན་རྫས་དང་། རོལ་རྩེད་ཐོན་རྫས། གློག་རྡུལ་ཐོན་རྫས་བཅས་ལ་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།