དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་སྒོ་དབྱེའི་ཉིན་མོ་དང་ཧྲའན་ཤིས་ཞིང་ཆེན་འོས་སྦྱོར་གྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-08

    ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་2ཉིན་ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་སྒོ་དབྱེའི་ཉིན་མོ་དང་ཧྲའན་ཤིས་ཞིང་ཆེན་འོས་སྦྱོར་གྱི་བྱེད་སྒོ་སྤེལ་ཞིང་། ཨ་རིའི་ལས་རིགས་ཁག་གི་མཛའ་གྲོགས་མི་སྣ་དང་ས་གནས་དེ་གའི་དམངས་ཚོགས་7000ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།

    ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཞེ་ཧྥུང་གིས་ཤིས་ཚིག་སྒྲོན་སྐབས་གསུངས་དོན། མིག་སྔར་ཀྲུང་ཨའི་འབྲེལ་བ་སླར་ཡང་བཞི་མདོ་ཁ་གསར་པ་ཞིག་ཏུ་སླེབས་ཡོད། དེས་ན། ཕྱོགས་གཉིས་པོས་འབྱུང་འགྱུར་ལ་བལྟོས་ནས་དུས་སྐབས་གསར་པའི་ཀྲུང་ཨ་མཉམ་གནས་ཀྱི་ཐབས་ལམ་ཡང་དག་བཏོད་དེ། རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་འཚོ་བ་སྔར་བས་ལེགས་སུ་གཏོང་དགོས། ཨ་རིའི་གྲོགས་པོ་དེ་བས་མང་པོ་ཆུ་ཚོད་240ཡི་ནང་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པར་མཛེས་སྡུག་ལྡན་པའི་ཧྲའན་ཤིས་སུ་བརྗིད་ཆགས་ཉམས་ལྡན་གྱི་ཀྲུང་གོར་རྟོག་ཞིབ་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཨ་རིའི་ཁེ་ལས་དེ་བས་མང་པོ་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་མཉམ་ལས་ནང་ཞུགས་ནས་ཀྲུང་གོའི་གོ་སྐབས་དམ་འཛིན་དང་གོ་ལ་ཧྲིལ་པོའི་ཁེ་ཕན་རག་ཐབས་བྱ་རྒྱུར་་དགའ་བསུ་ཞུ་རྒྱུ། ཨ་རིའི་གཞོན་ནུ་ལོ་ཆུང་དེ་བས་མང་བ“མ་འོངས་ལོ་5ཡི་རིང་ཨ་རིའི་གཞོན་ནུ་ཁྲི་5ཀྲུང་གོར་སྤེལ་རེས་སློབ་སྦྱོང་ལ་གདན་འདྲེན་པའི”གྲོས་འགོའི་ནང་ཞུགས་ནས་དམངས་ཁྲོད་ཀྱི་གཞུང་ཚབ་ཆེ་མོ་བ་ཧུར་ཐག་བྱེད་རྒྱུ་དང་མི་དམངས་ཀྱི་མཛའ་འབྲེལ་ལ་སྐུལ་འདེད་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།