དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཇར་མན་དུ་ཀྲུང་གོའི་ཁེ་ལས་གོ་ཤོན་ཚན་རྩལ་མཐོ་བའི་མ་རྐང་ཚད་ཡོད་ཀུང་སིའི་ཐོན་རྫས་རིན་ཐང་ཡོ་སྒོར་ཁྲི་3600ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-08

    རྟེན་གཞིའི་རྣམ་པ་ཡིན་པ།

    ཀྲུང་གོའི་ཁེ་ལས་གོ་ཤོན་ཚན་རྩལ་མཐོ་བའི་མ་རྐང་ཚད་ཡོད་ཀུང་སི་དེ་འཇར་མན་གྱི་ཤ་ས་ཁེ་སེན་ཀྲོའུ་ཀེ་ཐིང་ཀེན་གྱི་ནུས་རྒྱུ་གསར་པའི་ཐོན་སྐྱེད་གཉེར་སྐྱོང་རྟེན་གཞིར་གནས་པ་དང་2026ལོའི་དུས་ཚིགས་དང་པོར་ཐོན་རྫས་རིན་ཐང་ཡོ་སྒོར་ཁྲི་3600ལྷག་ཙམ་ཟིན་ནས་བཟོ་གྲྭ་དེའི་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད། རྟེན་གཞི་དེས་ཧན་ནུའོ་ཝུའེ་སློབ་ཆེན་དང་མཉམ་ལས་ཀྱིས་གློག་རྫས་ཀྱི་ནུས་ཤོར་དབྱེ་ཞིབ་དང་དེ་བཞིན་སྲ་གཟུགས་གློག་རྫས་ཞིབ་འཇུག་གསར་སྤེལ་ཚོད་ལྟ་ཁང་བསྐྲུན་ཏེ། ས་གནས་དེ་གའི་ཐོན་ཁུངས་ལ་བརྟེན་ནས་ལས་གྲྭའི་ལག་རྩལ་དང་ཚན་ཞིབ་ཆུ་ཚད་མཐོ་རུ་གཏོང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།