ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ།
གནད་དོན་ལ་དམིགས་ནས་དག་ཐེར་ལ་དམ་འཛིན་བྱས། སློབ་གསོར་བརྟེན་ནས་ཕན་འབྲས་ཐོན་པར་སྐུལ།
མིག་སྔར། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བཞིན་ཡོད་ཅིང་། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་སློབ་སྦྱོང་དང་ཞིབ་འཇུག་གྲོས་བསྡུར་བྱེད་པ་དང་། གནད་དོན་བཤེར་འདོན། དག་ཐེར་བཅོས་སྒྲིག སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ། སྒོ་འབྱེད་སློབ་གསོ་སོགས་ཀྱི་ལས་ཀའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་གནད་དོན་ལ་ཐད་ཀར་དམིགས་པ་དང་གནད་སྨིན་དངོས་སྒྲུབ་ཀྱིས་སྦྱོང་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་བ་རེད།
དངོས་འཛིན་བཙན་འཐབ་ཀྱིས་ནན་བཤེར་ཡོ་བསྲང་བྱས་པ།
པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་ཀྱིས“རྩིས་ཐོ་རྙིང་པ་ཐག་གཅོད་བྱེད་པ་ནི་ལས་རྗེས་གསར་པ་གཏོད་པའི”བྱ་སྤྱོད་ཀྱི་རང་རྟོགས་བརྟན་པོ་བཙུགས་ནས་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་ཐག་གཅོད་བྱ་རྒྱུ་དེ་གྲོང་ཁྱེར་གསར་བརྗེས་དང་། གཞི་རིམ་བཅོས་སྐྱོང་། དམངས་འཚོ་འགན་ལེན་བཅས་ཀྱི་ལས་དོན་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ནས། ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་གྱི་རྩིས་ཐོ་ཁྱོན་ཡོངས་ནས་གསེད་བཀྲོལ་བྱས་ཏེ། ཆུས་རིམ་པའི་འགོ་ཁྲིད་ཀྱིས་གྱོད་གཞི་འགན་གཙང་ལེན་དང་ལས་སྣེ་འཁྲིད་པ་དང་། ལས་དོན་ཆེད་སྒྲུབ་ཚན་ཁག་གིས་རྗེས་སྙེག་ལྟ་སྐུལ་མཛུབ་ཁྲིད། འགན་འཁྲིའི་ཚན་པས་ལས་རིམ་གསལ་འགོད་བཅས་ཀྱི་རིམ་གསུམ་མཉམ་འགུལ་མ་ལག་བཙུགས་ཏེ་གསལ་ཐོ་ཅན་གྱི་དོ་དམ་དང་། རྣམ་གྲངས་ཅན་གྱི་སྐུལ་འདེད། གདུབ་ཟུམ་ཅན་གྱི་དོན་འཁྱོལ་བཅས་ཀྱི་ཐོག་ནས་དཀའ་གནད་ཆེ་བའི་གནད་དོན་མང་པོར་དུས་མཚམས་རང་བཞིན་གྱི་ཐག་གཅོད་ཐུབ་པར་སྐུལ་འདེད་བཏང་བ་རེད།
ཁྲུང་ཆིང་གྲོང་ཁྱེར་ཀྲུང་རྫོང་གིས་སློབ་སྦྱོང་སློབ་གསོའི་དག་ཐེར་དང་སྐོར་ཞིབ་སྐོར་དཔྱོད་ཟུང་འབྲེལ་བྱས་ཏེ་སྐོར་དཔྱོད་དག་ཐེར་གྱི་གཅིག་སྡུད་དཔྱད་མོལ་ལམ་སྲོལ་བཙུགས་ཏེ། རྫོང་ཨུད་ཀྱི་འགོ་ཁྲིད་གཙོ་བོས་ས་ཡུལ་དངོས་སུ་སྙན་སེང་ཉན་པ་དང་། གནད་དོན་འདྲི་རྩད། ལས་འགན་སྒྲུབ་སྤྲོད། ཕན་འབྲས་དཔྱད་བརྗོད་བཅས་བྱས་ཏེ་གནད་དོན་དག་ཐེར་ལས་དོན་གྱི་གདུབ་ཟུམ་རྣམ་པ་ཆགས་པར་བྱས་ཡོད། རྨང་གཞི་དེའི་ཐོག་གྱོད་གཞིའི་རྒྱབ་ཀྱི་སྲིད་དོན་ལས་རྗེས་ལྟ་བའི་ནོར་འཛོལ་འཚོལ་ཞིབ་གཏིང་ཟབ་བྱས་ནས་ཏང་གཤིས་ཐད་ཧེ་བག་འཚོལ་བ་དང་། འབྱུང་རྩ་ཞིབ་བཤེར། བློ་སྦྱོང་ཞུན་བརྡར་བཅས་བྱ་རྒྱུར་གཞོལ་བ་རེད།
སྒྲིག་སྲོལ་ལམ་ལུགས་བཙུགས་ནས་ཕུགས་ཕན་བཅོས་སྐྱོང་བྱས་པ།
ཧའེ་ནན་ཞིང་ཆེན་པའེ་ཧྲ་ལི་རིགས་རང་སྐྱོང་རྫོང་གིས་བརྡ་ཐོ་བཀྲམ་ནས“སུས་བཟོས་པ་དེ་སུས་འགན་འཁུར་བའི”རྩ་དོན་ལ་ནན་པོར་གཞིགས་ཏེ། འགན་འཁྲི་ཚན་པ་ཁག་གིས་གོ་རིམ་ལྟར་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བའི་བླང་བྱ་དང་མི་མཐུན་པའི་ལམ་ལུགས་ལམ་སྲོལ་དང་འབྲེལ་ཡོད་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཙང་བཤེར་བྱས་པ་དང་། “འཕྲལ་ལ་མཐོང་ཆེན་དང་ཕུགས་ལ་སྣང་ཆུང་དང་། མངོན་འབྲས་ལ་སྣང་ཆེན་དང་སྦས་འབྲས་ལ་སྣང་ཆུང་བྱེད་པ”སོགས་ཀྱི་སྲིད་དོན་ལས་རྗེས་ལྟ་བའི་ནོར་འཛོལ་ལ་དམིགས་ཏེ། གཞུང་ལས་པའི་ལས་གནས་བསྒྱུར་བའི་ལས་ཀའི་བརྒྱུད་རིམ་སོགས་ཡིག་ཆ་བཟོས་ནས་འགྲེམས་སྤེལ་བྱས་ཏེ་འགན་རིམ་འཕར་བའི་བརྒྱུད་རིམ་ལེགས་སུ་བཏང་ཞིང་། མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་གཏོད་པའི་སྟོན་ཕྱོགས་མངོན་གསལ་དོད་པོ་བཙུགས་པ་རེད།
ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཝུའུ་ཀྲུང་གྲོང་ཁྱེར་ཡན་ཁྲི་རྫོང་གིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་ལམ་ལུགས་ལམ་སྲོལ་ཁྲོད་ཀྱི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བའི་བླང་བྱ་དང་མི་མཐུན་པའི་གཏན་འབེབས་འཚོལ་ཞིབ་གཏིང་ཟབ་བྱས་ཏེ། ཁྲིམས་ལྟར་ཚད་ལྡན་རང་བཞིན་གྱི་ཡིག་ཆ་5རྩིས་མེད་བཏང་བའི་ཁར་ནང་དོན་རྗེས་སུ་ལུས་པ་དང་། སྐྱོན་ཆ་ཡོད་པ། དབང་འགན་མི་གསལ་བ་བཅས་ཀྱི་སྒྲིག་སྲོལ་ལམ་ལུགས་ལ་དུས་ཐོག་ཏུ་བཟོ་བཅོས་བརྒྱབ་ཡོད། དཔྱད་ཞིབ་གདེང་འཇོག་གི་དམིགས་ཚད་ལེགས་སུ་བཏང་ནས་དམངས་འཚོའི་ཞབས་ཞུ་དང་མང་ཚོགས་བློ་ཡིད་ཚིམ་ཚད་སོགས་ཀྱི་གནད་ཚད་དབྱེ་བ་ཡོད་པའི་སྒོ་ནས་བཀོད་སྒྲིག་བྱས་ཡོད། ལས་བྱེད་པར་ལྟ་སྐུལ་དང་། ལྟ་བཤེར་སྒྲུབ་སྐུལ། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བཅས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ལྟ་འདོམས་འགན་འཁྲི་ནན་དུ་བཏང་སྟེ་འབྱུང་རྩ་ནས་ཐབས་ཇུས་ཚད་ལྡན་བཟོས་པ་དང་དེ་བཞིན“རྟགས་མཚོན་ལས་གྲྭ”དང“སྲིད་དོན་ལས་རྗེས་ཀྱི་ལས་གྲྭ”གཏན་འགོག་བྱས་པ་རེད།
དམངས་ཀྱི་དགོས་མཁོ་དྲིས་པ་དང་ཐབས་ཇུས་དམངས་ལ་དྲིས་པ།
ཐེན་ཅིན་གྲོང་ཁྱེར་ཤིས་ཆིང་ཆུས་ཀྱིས་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པས་འཕེལ་རྒྱས་ཀྱི་དོན་དག་གལ་ཆེན་དང་། དམངས་འཚོའི་དོན་དངོས། བཅོས་སྐྱོང་དཀའ་བའི་གནད་དོན་ལ་དམིགས་ནས་སྣེ་ཁྲིད་དེ་ཞིབ་འཇུག་དང་ལག་བསྟར་དང་འདྲི་རྟོག་བརྟག་ཞིབ་བྱེད་པར་སྐུལ་འདེད་བཏང་སྟེ་ཁེ་ལས་དང་། གྲོང་གསེབ། སྡེ་ཁུལ་སོགས་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་ནས་མང་ཚོགས་ཀྱི་གྲོས་འགོ་ཉན་པ་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་པ་དང་། ཐད་སྦྲེལ་ཁ་པར་12345ཡི་ལས་ཀའི་ཐོ་གཞུང་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་ཐུན་མོང་རང་བཞིན་དང་། ནམ་དུས་རང་བཞིན། དུས་འཁོར་རང་བཞིན། དེ་བཞིན་འབུར་ཐོན་རང་བཞིན་བཅས་མང་བའི་རེ་ཞུ་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་ཐེ་ཞུགས། སྔ་ཙམ་ཐག་གཅོད་བཅས་བྱས་ནས་སློབ་སྦྱོང་སློབ་གསོའི་ཕན་འབྲས་མང་ཚོགས་ཀྱིས་ཤེས་ཚོར་ཐུབ་པར་བྱས་པ་རེད།
ནན་ཅིང་ནགས་ལས་སློབ་ཆེན་གྱིས་སྒོ་འབྱེད་རྣམ་པའི་སློབ་སྦྱོང་སློབ་གསོར་དམ་འཛིན་དང་རང་འགུལ་ངང་དགོས་མཁོ་དང་ཐབས་ཇུས་འདྲི་རྒྱུ་མཐའ་འཁྱོངས་བྱས་ཏེ། ཤེས་ལྡན་པ་གསོ་སྐྱོང་དང་རིག་ཚན་འཛུགས་སྐྱོང་ཁྲོད་འཕྲལ་ལ་སྣང་ཆེན་དང་ཕུགས་ལ་སྣང་ཆུང་བྱེད་པ་དང་དེ་བཞིན་དམིགས་ཚད་ལ་སྣང་ཆེན་དང་ནང་དོན་ལ་སྣང་ཆུང་བྱེད་པ་སོགས་ཀྱི་ཕྱོགས་ལྷུང་ལ་དམིགས་ནས། སློབ་གྲྭའི་འགོ་ཁྲིད་ཚན་ཁག་གིས་འཐབ་ས་དང་པོར་འདྲི་རྟོག་བརྟག་ཞིབ་གཏིང་ཟབ་བྱས་ཏེ་སློབ་ཁྲིད་ཀྱི་ཐོན་ཁུངས་བཀོད་སྒྲིག་སྙོམས་པོ་མེད་པ་དང་། ཆེད་ལས་འཛུགས་སྐྱོང་དང་སྤྱི་ཚོགས་ཀྱི་དགོས་མཁོ་དང་མཐུན་ཤུགས་ཆེ་རུ་གཏོང་དགོས་པ་སོགས་མངོན་གསལ་དོད་པའི་གནད་དོན་ཁག་10ལེགས་སྒྲིག་བྱས་པ་དང་འབྲེལ། རིམ་པ་དབྱེ་ནས་ཞིབ་འཇུག་བརྡར་གཅོད་ཀྱི་རྩིས་ཐོ་བཟོས་པ་མ་ཟད། རྩིས་བསྡུར་ཐོ་བསུབས་དང་གདུབ་ཟུམ་དོ་དམ་བྱས་ནས་གཟེངས་སུ་ཐོན་པའི་ཞིང་ལས་དང་ནགས་ལས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་སྒྱུར་བཅོས་སྣེ་འདྲེན་དུ་བྱས་ཏེ་སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་ཉིད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་ཕན་འབྲས་དངོས་ལ་བསྒྱུར་བར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།