“རང་སྨྱན་སྦྱོར”ལ་ཆ་འཕྲིན་གྱི་ཡོང་ཁུངས་ཚད་ལྡན་ངང་བཀོད་མེད་པ།
དྲ་འཕྲིན་སྡེ་ཚན་གྱིས་དཔེ་མཚོན་གྱི་གྱོད་དཔེ་ཁག་གཅིག་ཡོངས་བསྒྲགས་བྱས་པ།
ཉེ་དུས“རང་སྨྱན་སྦྱོར”གྱི་ཨང་རྟགས་ཁག་གཅིག་གིས་སྐབས་དོན་སྲིད་ཇུས་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བའི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་སྐབས། ཆ་འཕྲིན་གྱི་ཡོང་ཁུངས་ཚད་ལྡན་ངང་བཀོད་མེད་པས་སྤྱི་དམངས་ཀྱི་ངོས་འཛིན་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། དྲ་རྒྱའི་ཁོར་ཡུག་ལའང་གཏོར་སྐྱོན་ཕོག་ཡོད། སྣང་ཚུལ་གཙོ་བོ་རྒྱལ་སྤྱི་རྒྱལ་ནང་གི་སྐབས་དོན་དང་། སྤྱི་པའི་སྲིད་ཇུས། སྤྱི་ཚོགས་ཀྱི་དོན་རྐྱེན་བཅས་ཀྱི་ཆ་འཕྲིན་ཡོང་ཁུངས་དང་། AI(མི་ཐབས་རིག་ནུས)གྲུབ་པའི་ངོ་རྟགས། རྟོག་བཟོའི་རྣམ་འབྱེད་མཆན་རྟགས་བཅས་གསལ་པོ་བཀོད་མེད་པ་ཚུད་ཡོད། དྲ་འཕྲིན་སྡེ་ཚན་གྱིས་དྲ་ཚིགས་ལ་རང་བཤེར་རང་བཅོས་བྱས་ཏེ། སྒྲིག་འགལ་ཨང་རྟགས་ཁྲི་9.8ལྷག་ཙམ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད།
ཚེས་3ཉིན། དྲ་འཕྲིན་སྡེ་ཚན་གྱིས་འཁྱུག་ལག་གི“ཞིང་པའི་ཨ་ཅག”དང“ཆིང་ཧྭའི་ཡུས་མཱ”དང་པི་ལི་པི་ལིའི“ཚོང་ལས་ཐབས་ཇུས”སོགས“རང་སྨྱན་སྦྱོར”གྱི་ཨང་རྟགས་ཀྱིས་ཞིང་ལས་དང་གྲོང་གསེབ་དང་། སློབ་གསོ། རྒན་གསོ་སོགས་ཁྱབ་ཁོངས་ཀྱི་སྤྱི་པའི་སྲིད་ཇུས་དང་འབྲེལ་བའི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་སྐབས་ཆ་འཕྲིན་གྱི་ཡོང་ཁུངས་གསལ་པོ་བཀོད་མེད་པས། སྤྱི་དམངས་ཚོས་གནད་འཁེལ་དང་འཐུས་ཚང་གི་དབང་གྲགས་ཆ་འཕྲིན་གསལ་པོ་ཞིག་མ་རྟོགས་པར་བརྟེན། ནང་དོན་ཕྲན་བུར་གཞིགས་ནས་སྲིད་ཇུས་ལ་གོ་འཛོལ་ཐེབས་སྲིད་པའི་དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་བཏང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།