དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་གསུམ་པའི་བར་རིག་གནས་ཁེ་ལས་ཀྱི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་ཁྲི་3.5ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-08

    ཟླ་བ་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་རིག་གནས་དང་དེ་བཞིན་འབྲེལ་ཡོད་ཐོན་ལས་ཁེ་ལས(གཤམ་དུ“རིག་གནས་ཁེ་ལས”ཞེས་བསྡུ་རྒྱུ)ལ་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་35569བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་6.4%འཕར་ཡོད།

    ཁྱབ་ཁོངས་དབྱེ་ནས་བལྟས་ཚེ། རིག་གནས་ལྟེ་བའི་ཁྱབ་ཁོངས་ལ་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་25193བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་9.2%འཕར་བའི་ནང་། ཇུས་འགོད་གསར་གཏོད་ཀྱི་ཞབས་ཞུ་དང་། ནང་དོན་གསར་རྩོམ། གསར་འགྱུར་ཆ་འཕྲིན་གྱི་ཞབས་ཞུ་བཅས་ལས་རིགས་ཆེན་པོ་གསུམ་གྱི་གཉེར་སྐྱོང་ཡོང་འབབ་གྲངས་གནས་གཉིས་འཕར་ནས་འཕར་ཚད་12.0%དང་། 10.7% 10.3%བཅས་སོ་སོར་ཟིན་ཡོད་པ་རེད།

    ཟླ་བ་དང་པོ་ནས་གསུམ་པའི་བར། རིག་གནས་ཀྱི་ལས་རྣམ་གསར་པའི་ཁྱད་ཆོས་ཅུང་མངོན་གསལ་དོད་པའི་ལས་རིགས་ཆུང་གྲས་16ལ་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་16782བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་11.2%འཕར་བ་དེ་གཞི་ཁྱོན་ཡན་གྱི་རིག་གནས་ཁེ་ལས་ཀྱི་བརྒྱ་ཆའི་གྲངས་4.8མགྱོགས་པ་ཡོད། རིག་གནས་ལས་རྣམ་གསར་པའི་ལས་རིགས་ཀྱིས་གཞི་ཁྱོན་ཡན་གྱི་རིག་གནས་ཁེ་ལས་ཀྱི་གཉེར་སྐྱོང་ཡོང་འབབ་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་79.0%ཟིན་ནས་གཞི་ཁྱོན་ཡན་གྱི་རིག་གནས་ཁེ་ལས་ཀྱི་གཉེར་སྐྱོང་ཡོང་འབབ་བརྒྱ་ཆའི་གྲངས་5.1འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།