འགྲན་བསྡུར་ལ་བརྟེན་ནས་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བར་བྱས་པ།
ཨེ་ཤེ་ཡའི་བྱེ་ཐང་ལུས་རྩལ་འགྲན་ཚོགས་རིང་ཧའེ་ནན་གྱི་གླིང་བྲལ་ཁྲལ་མེད་བྲིན་ཚོང་ཡོང་འབབ་སྒོར་དུང་ཕྱུར་6ཙམ་ཟིན་པ།
ཟླ་4ཚེས་22ཉིན་ནས་ཚེས་30ཉིན་བར། ཨེ་ཤེ་ཡའི་བྱེ་ཐང་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་ཧའེ་ནན་སན་ཡཱ་རུ་འཚོགས་པ་དང་། ཨེ་ཤེ་ཡའི་བྱེ་ཐང་ལུས་རྩལ་འགྲན་ཚོགས་རིང་། ཧའེ་ཁོའུ་འགག་སྒོ་ལས་ཁུངས་ཀྱིས་གླིང་བྲལ་ཁྲལ་མེད་བྲིན་ཚོང་དངུལ་འབོར་སྒོར་དུང་ཕྱུར་5.95དང་ཉོ་སྒྲུབ་བྱེད་མཁན་མི་ཐེངས་ཁྲི་11.2ཟིན་པར་ལྟ་འདོམས་བྱས་ཡོད།
ད་ཐེངས་ཀྱི་ཨེ་ཤེ་ཡའི་བྱེ་ཐང་ལུས་རྩལ་འགྲན་ཚོགས་ལ་ཨེ་ཤེ་ཡའི་རྒྱལ་ཁབ་དང་ས་ཁུལ་45ནས་ཡོང་བའི་འགྲན་ཞུགས་ལུས་རྩལ་པ་དང་། རུ་ཁག་དང་མཉམ་དུ་ཡོང་མཁན་དཔོན་རིགས། དེ་བཞིན་འབྲེལ་ཡོད་འཐུས་མི་བཅས་ཞུགས་ཡོད་པ་རེད། འབྲེལ་ཡོད་ཀྱི་འགྲུལ་ཚོགས་ལ་དམིགས་ནས་སན་ཡཱ་གྲོང་ཁྱེར་གྱི་གླིང་བྲལ་ཁྲལ་མེད་ཚོང་ཁང་4ཡིས་ཆེད་གཏོགས་ཀྱི་ཉོ་སྒྲུབ་ས་ཁོངས་དང་། ཆེད་གཏོགས་ཀྱི་འཛད་སྤྱོད་འཛིན་ཤོག ཆེད་གཏོགས་ཀྱི་ལག་རྟགས་སོགས་ཚུད་པའི་འཛད་སྤྱོད་བྱེད་སྒོ་སྤེལ་ཡོད་པ་རེད། ཧའེ་ནན་ཞིང་ཆེན་གྱི་རྒྱལ་མཚམས་འཛུལ་སྒྲོལ་ཡུལ་སྐོར་བར་ཆེད་གཏོགས་གཟིགས་སྐྱོང་གི་ཁེ་དབང་ཐོན་རྫས་དྲ་ཐོག་ཏུ་བཙོངས་པ་དེས་ཡུལ་སྐོར་བར་ཟ་སྡོད་སྐྱོད་གསུམ་དང་། ཡུལ་སྐོར་ཉོ་སྒྲུབ་རོལ་རྩེད་སོགས་ཀྱི་འཁོར་འབྲེལ་ཧྲིལ་པོའི་གཟིགས་སྐྱོང་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།