“ལྔ་གཅིག”གུང་གསེང་རིང་སྤྱི་ཚོགས་ཡོངས་སུ་ས་ཁོངས་བསྒྲལ་ནས་འགྲོ་འོང་བྱེད་མཁན་མི་ཐེངས་དུང་ཕྱུར་15ལྷག་ཙམ་ཟིན་པ།
ཚེས་5ཉིན། གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོའི“ལྔ་གཅིག”གུང་གསེང་རིང(ཟླ་5ཚེས་1ཉིན་ནས་ཚེས་5ཉིན་བར)སྤྱི་ཚོགས་ཡོངས་སུ་ས་ཁོངས་བསྒྲལ་ནས་འགྲོ་འོང་བྱེད་མཁན་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར་15.25ཟིན་པ་དང་ཉིན་རེར་ཆ་སྙོམས་མི་ཐེངས་དུང་ཕྱུར་3ལྷག་ཙམ་ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་ཉིན་རེར་ཆ་སྙོམས་4.0%འཕར་ཡོད་པ་རེད།
སྐྱེལ་འདྲེན་བྱེད་སྟངས་ནས་བལྟས་ཚེ། ལྕགས་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་ཁྲི་10660.6ཟིན་པ་དང་ཉིན་རེར་སྐྱེལ་འདྲེན་བྱེད་ཚད་ཆ་སྙོམས་མི་ཐེངས་ཁྲི་2132.1ཟིན་ཡོད། ཆུ་ཐོག་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་ཁྲི་856.1ཟིན་པ་དང་ཉིན་རེར་སྐྱེལ་འདྲེན་བྱེད་ཚད་ཆ་སྙོམས་མི་ཐེངས་ཁྲི་171.2ཟིན་ཡོད། དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་ཁྲི་1055.6ཟིན་པ་དང་ཉིན་རེར་སྐྱེལ་འདྲེན་བྱེད་ཚད་ཆ་སྙོམས་མི་ཐེངས་ཁྲི་211.1ཟིན་ཡོད། གཞུང་ལམ་ནས་འགྲུལ་པ་འགྲོ་འོང་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར་14ཙམ་ཟིན་ཡོད།
འབྲེལ་ཡོད་གསར་འགྱུར།