དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་གསུམ་པའི་བར་གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་13.6%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-08

    བཟོ་ལས་དང་ཆ་འཕྲིན་ཅན་པུའི་གྲངས་གཞི་ལས་མངོན་པར་གཞིགས་ན། ད་ལོའི་ཟླ་བ་དང་པོ་ནས་གསུམ་པའི་བར། གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་13.6%འཕར་ནས་འཕར་ཚད་དུས་མཚུངས་ཀྱི་བཟོ་ལས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ལས་བརྒྱ་ཆའི་གྲངས་7.5དང་1.1གིས་མཐོ་བ་ཡོད་པ་རེད།

    ཟླ་བ་གསུམ་པར། གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་12.5%འཕར་ཡོད། ཐོན་རྫས་གཙོ་བོའི་ཁྲོད་རིག་ནུས་ལག་ཐོགས་ཁ་པར་གྱི་ཐོན་ཚད་དུང་ཕྱུར་2.98ཟིན་པ་དེ་དུས་མཚུངས་ལས་6.9%འཕར་བ་དང་། འདུས་གྲུབ་གློག་ལམ་གྱི་ཐོན་ཚད་དུང་ཕྱུར་1272ཟིན་པ་དེ་དུས་མཚུངས་ལས་24.3%འཕར་ཡོད་པ་རེད།

    ཟླ་བ་དང་པོ་ནས་གསུམ་པའི་བར། གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ལ་རིམ་རྩིས་བརྒྱབ་ན་ཕྱིར་གཏོང་ཚོང་ཟོག་རྩིས་སྤྲོད་ཀྱི་རིན་ཐང་དུས་མཚུངས་ལས་4.2%འཕར་བ་དེ་ཟླ་བ་དང་པོ་དང་གཉིས་པ་ལས་བརྒྱ་ཆའི་གྲངས་3མཐོ་རུ་ཕྱིན་ཡོད་པ་དང་། ཟླ་བ་དང་པོ་ནས་གསུམ་པའི་བར། གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ལ་རིམ་རྩིས་བརྒྱབ་ན་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་ཁྲི་4.31བྱུང་བ་དེ་དུས་མཚུངས་ལས་14.8%འཕར་བ་དང་། གཉེར་སྐྱོང་མ་གནས་སྒོར་དུང་ཕྱུར་ཁྲི་3.69ཟིན་པ་དེ་དུས་མཚུངས་ལས་11.7%འཕར་བ། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་2170བྱུང་བ་དེ་དུས་མཚུངས་ལས་ལྡབ་1.25འཕར་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།