རང་ལྗོངས་ཀྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་བཀྲག་མདངས་འཚེར་ས་མང་བ།
ད་ལོ་ཚུན་དུ་ལྗོངས་ཡོངས་ཀྱི་ཆ་འཕྲིན་བརྒྱུད་འདྲེན་དང་མཉེན་ཆས་ཞབས་ཞུའི་ལས་རིགས་བརྟན་པོའི་ངང་འཕར་ཞིང་། གཙོ་གནད་ཁྱབ་ཁོངས་མང་པོ་ཞིག་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རིམ་བྱུང་ནས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་བའི་རྒྱུགས་ལན་ཞིག་ཕུལ་ཡོད།
ཐོན་ལས་ཀྱི་རྨང་གཞི་རྒྱུན་མཐུད་བརྟན་དུ་ཕྱིན་ཏེ་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་བརྟན་པོ་སོང་ཞིང་། ད་ལོའི་དུས་ཚིགས་དང་པོར། ལྗོངས་ཡོངས་ཀྱི་ཆ་འཕྲིན་བརྒྱུད་འདྲེན་དང་། ཆ་འཕྲིན་མཉེན་ཆས། ཆ་འཕྲིན་ལག་རྩལ་བཅས་ཀྱི་ཞབས་ཞུའི་ལས་རིགས་ལ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་22.74བྱུང་སྟེ་དུས་མཚུངས་ལས་6.9%འཕར་ནས“འགོ་ཚུགས་བཀྲ་ཤིས”བྱུང་བ་དང་མཐོ་གསར་གྲངས་འཛིན་ཐོན་ལས་ལ་མ་དངུལ་སྒོར་དུང་ཕྱུར་4.8བཏང་ཡོད། ཟླ་གཉིས་པའི་ཟླ་མཇུག་བར། ལྷ་སའི་མཐོ་གསར་ཁུལ་གྱིས་རིམ་རྩིས་བརྒྱབ་ན་ཐོ་འགོད་བྱས་པའི་གྲངས་འཛིན་དཔལ་འབྱོར་ཁེ་ལས་2920ཟིན་ཏེ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་21.02བྱུང་ཡོད་པ་རེད། ལོ་འགོར་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་ཡན་གྱི་ཁེ་ལས་11མང་དུ་ཕྱིན་ཏེ་གཞི་ཁྱོན་ཡན་གྱི་ཁེ་ལས་རིམ་རྩིས་བརྒྱབ་ན་71ཟིན་ནས་ཁྲོམ་རའི་གཉེར་སྐྱོང་བྱེད་པོའི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་ཡོད།
གྲངས་འཛིན་དང་དངོས་ཚན་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བས། མཐུན་རྐྱེན་སྦྱོར་བའི་ནུས་འབྲས་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཞིང་། སྲིད་དོན་ཞབས་ཞུའི་ཁྱབ་ཁོངས་སུ་རང་ལྗོངས་ཀྱིས“ལས་ཕྱོད་ཆེན་པོས་བྱ་བ་གཅིག་སྒྲུབ་པ”དོན་འཁྱོལ་དང་ཕན་འབྲས་ཐོན་པར་རྒྱུན་མཐུད་སྐུལ་འདེད་བཏང་བས་བྱ་བ་ཚང་མ་སྒྲུབ་པ་དང་། བརྒྱུད་རིམ་ཚང་མ་ལེགས་གཏོང་། ས་ཁོངས་ཚང་མར་ཁྱབ་པ། ཚད་གཞི་ཚང་མ་གཅིག་གྱུར། གྲངས་གཞི་ཚང་མ་ཤར་གཏོང་བཅས་བྱུང་ནས་ཁེ་ལས་དང་མང་ཚོགས་ཀྱི་དོན་དག་སྒྲུབ་པར་སྟབས་བདེ་ཤུགས་ཆེན་བྱུང་ཡོད། རིག་ནུས་ཞིང་ལས་ཐད་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དེང་རབས་ཞིང་ལས་དཔེ་སྟོན་གླིང་དང་སྟག་རྩེ་ཆུས་སོགས་ཀྱིས་རིག་ནུས་དོ་དམ་ཚོད་འཛིན་སྒྲིག་ཆས་དང་འདེབས་འཛུགས་ཚང་གི་རྣམ་གྲངས་ནང་འདྲེན་བྱས་ནས་གནད་སྨིན་ཐོན་སྐྱེད་དང་ཐོན་ནུས་ལྡབ་འཕར་ཡོང་བ་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།