ལྷ་ས་གྲོང་ཁྱེར་གྱིས་འཁོར་རིགས་དང་ཁ་ལོ་བ་དོ་དམ་ལས་སྒོའི“སྐར་མ་བཅུའི་དམངས་ཕན་ཞབས་ཞུའི་འཁོར་རྒྱ”བཏོད་པ།
རང་བརྟེན་ཞབས་ཞུའི་མཐའ་སྣེ་10དངོས་སུ་སྤྱོད་འགོ་ཚུགས་པ།
ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་འཁོར་རིགས་དོ་དམ་སུའོ་ཡིས་ལྷ་ས་བརྒྱ་ཟོག་དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས་སུ“རིག་ལྡན་འགྲིམ་འགྲུལ་དོ་དམ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་བཏང་། སྣ་མང་ཉེན་རྟོག་མཉམ་དུ་འདུས་ནས་དམངས་འཚོར་ཕན་པ་ལེགས་པར་བཏགས”ཞེས་པའི་འཁོར་རིགས་དང་ཁ་ལོ་བའི་དོ་དམ་རང་བརྟེན་ཞབས་ཞུ་ས་ཚིགས་ཀྱི་འགོ་ཚུགས་མཛད་སྒོ་གཉེར་བ་ལས། ལྷ་ས་གྲོང་ཁྱེར་གྱི་འཁོར་རིགས་དང་ཁ་ལོ་བའི་དོ་དམ་རང་བརྟེན་ཞབས་ཞུའི་མཐའ་སྣེ་10དངོས་སུ་སྤྱོད་འགོ་ཚུགས་པ་དང་གྲོང་མིས་ཁ་ལོ་བའི་ལག་ཁྱེར་གསབ་ལེན་དང་བརྗེ་ལེན་སོགས་ཀྱི་ལས་སྒོ“སྐར་མ་བཅུའི་དམངས་ཕན་ཞབས་ཞུའི་འཁོར་རྒྱའི”དུས་རབས་སུ་སླེབས་པ་མཚོན་གྱི་ཡོད་པ་རེད།
རང་བརྟེན་ཞབས་ཞུའི་མཐའ་སྣེ་དེ་དག་གྲོང་ཁུལ་གྱི་མི་འབོར་འདུ་འཛོམས་ཁུལ་དུ་ཁྱབ་ཅིང་། དེས་སྲོལ་རྒྱུན་སྐར་ཁུང་གི་ཆུ་ཚོད་བརྒྱད་ཀྱི་ལས་སྒྲུབ་བཀག་རྒྱ་ལས་གྲོལ་ནས་ལོ་འཁོར་མོ་ཉལ་གསོ་མི་རྒྱག་པ་དང་ཉིན་མཚན་ལྟོས་མེད་དུ་ཞབས་ཞུ་སྒྲུབ་ཀྱི་ཡོད། གྲོང་མིས་ཁ་ལོ་བའི་ལག་ཁྱེར་དུས་ཐིམ་བརྗེ་ལེན་དང་། བོར་བརླག་གསབ་ལེན། ཁ་ལོ་བའི་གཟུགས་པོར་བརྟག་དཔྱད། པར་ལེན་སོགས་སྒྲུབ་མང་བའི་ལས་སྒོ་གཅིག་འཐུས་སུ་བསྒྲུབས་ཏེ། སྔོན་ཆད་ཆུ་ཚོད་1.5འགོར་བའི་མི་ཐབས་སྒྲུབ་གཉེར་དུས་ཡུན་ད་ཆ་སྐར་མ་10ཡི་ནང་ཚུན་ཐུང་དུ་བཏང་ནས“རང་བརྟེན་སྒྲུབ་གཉེར་དང་། རང་སར་སྒྲུབ་གཉེར། འཕྲལ་མྱུར་ལེན་ཆོག”བཅས་དངོས་སུ་མངོན་འགྱུར་ཐུབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།