དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོར་སྤྱི་ཚོགས་ཀྱི་ཟོག་འགྲུལ་བསྡོམས་འབོར་དུས་མཚུངས་ལས་6.2%འཕར་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-05-07

    ཉེ་ཆར། ཀྲུང་གོ་ཟོག་འགྲུལ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་ཟོག་འགྲུལ་འཁོར་སྐྱོད་ཀྱི་གྲངས་གཞི་ལས་མངོན་པར། ད་ལོའི་དུས་ཚིགས་དང་པོར། རང་རྒྱལ་གྱི་སྤྱི་ཚོགས་ཟོག་འགྲུལ་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་96.4ཟིན་པ་དེ་དུས་མཚུངས་ལས་6.2%འཕར་ཏེ་འཕར་ཚད་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.5འཕར་བ་དང་། ཟོག་འགྲུལ་འཁོར་སྐྱོད་ཀྱི་འགོ་ཡག་པོ་ཚུགས་པ་དང་འཕེལ་ཕྱོགས་བཟང་བ། ཟོག་འགྲུལ་གྱི་དགོས་མཁོ་མགྱོགས་མྱུར་འཕར་བ། འཕེལ་རྒྱས་ཀྱི་མཉེན་ཤུགས་རྒྱུན་མཐུད་སྟོབས་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད།

    ཞིབ་ཕྲ་ནས་བལྟས་ཚེ། བཟོ་ལས་ཐོན་རྫས་ཀྱི་ཟོག་འགྲུལ་འདེགས་སྐྱོར་བརྟན་པོ་དང་རྩེར་སོན་བཟོ་སྐྲུན་གྱིས་ཟོག་འགྲུལ་འཕར་རྒྱུར་སྣེ་ཁྲིད་ཐུབ་ཡོད། དུས་ཚིགས་དང་པོར། བཟོ་ལས་ཐོན་རྫས་ཀྱི་ཟོག་འགྲུལ་བསྡོམས་འབོར་དུས་མཚུངས་ལས་5.8%འཕར་ནས་སྤྱི་ཚོགས་ཟོག་འགྲུལ་བསྡོམས་འབོར་འཕར་བར་ལེགས་སྐྱེས་འབུལ་ཚད་80%བརྒལ་བ་ནི་སྤྱི་ཚོགས་ཟོག་འགྲུལ་གྱི་དགོས་མཁོའི་འཕར་ནུས་གཙོ་བོ་ཡིན་ཞིང་། དེའི་ནང་བཟོ་སྐྲུན་ལས་རིགས་ཀྱི་ཟོག་འགྲུལ་དགོས་མཁོས་བཟུང་བའི་བསྡུར་ཚད་བཅུ་ཆ་བརྒྱད་ལས་བརྒལ་ཡོད།

    དམངས་འཚོའི་འཛད་སྤྱོད་ཟོག་འགྲུལ་བརྟན་ཐོག་ཡར་འཕེལ་བྱུང་བ་དང་འཛད་སྤྱོད་ཀྱི་སྒུལ་ནུས་གསར་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། དུས་ཚིགས་དང་པོར། ཚན་པ་དང་གྲོང་མིའི་ཟོག་འགྲུལ་བསྡོམས་འབོར་དུས་མཚུངས་ལས་6.5%འཕར་ཡོད། གྲོང་གསེབ་ཀྱི་འཛད་སྤྱོད་འཕར་ཚད་དེ་གྲོང་ཁྱེར་དང་གྲོང་རྡལ་ལས་ཡག་པ་ཡོད་པ་དང་རྫོང་དང་ཤང་གི་ཁྲོམ་རས་བཟུང་བའི་བསྡུར་ཚད་བརྟན་པོའི་ངང་འཕར་ཡོད།

    ཟོག་འགྲུལ་གྱི་དགོས་མཁོ་མགྱོགས་ཙམ་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་ཆབས་ཅིག ཟོག་འགྲུལ་གྱི་མ་གནས་སྤྱིའི་ཆ་ནས་བརྟན་པོ་དང་སྙོམས་པོ་བྱུང་སྟེ་མ་གནས་དམའ་རུ་དང་ཕན་འཕར་གྱི་གྲུབ་འབྲས་སྲ་བརྟན་བྱུང་ཡོད། དུས་ཚིགས་དང་པོར། སྤྱི་ཚོགས་ཟོག་འགྲུལ་གྱི་སྤྱིའི་གྲོན་དངུལ་སྒོར་དུང་ཕྱུར་ཁྲི་4.7ཟིན་པ་དེ་རྒྱལ་ནང་ཐོན་སྐྱེད་བསྡོམས་འབོར་གྱི་བསྡུར་ཚད་14%ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.1ཆག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།