“ལྔ་གཅིག”གུང་གསེང་རིང་རྒྱལ་ཡོངས་ལྕགས་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་1ལྷག་ཙམ་ཟིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་5ཚེས་4ཉིན། རྒྱལ་ཡོངས་ལྕགས་ལམ་ནས་འགྲུལ་པ་མི་ཐེངས་ཁྲི་2038.3སྐྱེལ་འདྲེན་བྱས་ཤིང་། ཟླ་4ཚེས་29ཉིན“ལྔ་གཅིག”གུང་གསེང་རིང་། སྐྱེལ་འདྲེན་བྱེད་འགོ་ཚུགས་ཚུན་རྒྱལ་ཡོངས་ལྕགས་ལམ་ནས་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་དུང་ཕྱུར་1.17བདེ་འཇགས་དང་། བརྟན་པོ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་སྐྱེལ་འདྲེན་བྱས་ཡོད་པ་རེད།
ཟླ་5ཚེས་5ཉིན། ལྕགས་ལམ་ནས་ཕྱིར་ལོག་འགྲུལ་རྒྱུན་མུ་མཐུད་མང་དུ་ཕྱིན་ཞིང་། རྒྱལ་ཡོངས་ལྕགས་ལམ་ནས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་2300སྐྱེལ་འདྲེན་བྱ་རྒྱུ་དང་འགྲུལ་སྐྱེལ་མེ་འཁོར་2225མང་དུ་གཏོང་རྩིས་ཡོད་པ་རེད།
ལྕགས་ལམ་12306གི་མེ་འཁོར་སྤ་སེ་སྔོན་ཚུད་ནས་འཚོང་བའི་གནས་ཚུལ་ལ་བལྟས་ན། ཚེས་5ཉིན། ཐོན་མང་བའི་གྲོང་ཁྱེར་གཙོ་བོ་པེ་ཅིང་དང་། ཀོང་ཀྲོའུ། ཁྲེང་ཏུའུ། ཧྲང་ཧའེ། ཧང་ཀྲོའུ། ཝུའུ་ཧན། ཤིས་ཨན། ཁྲུང་ཆིང་། ཧྲེན་ཀྲེན། ཀྲེང་ཀྲོའུ་བཅས་ཡིན་པ་དང་། འབྱོར་སའི་གྲོང་ཁྱེར་གཙོ་བོ་པེ་ཅིང་དང་། ཀོང་ཀྲོའུ། ཧྲང་ཧའེ། ཁྲེང་ཏུའུ། ཧྲེན་ཀྲེན། ཝུའུ་ཧན། ཧང་ཀྲོའུ། ཤིས་ཨན། ཀྲེང་ཀྲོའུ། ནན་ཅིང་བཅས་རེད། ནན་ཉིང་ནས་ཀོང་ཀྲོའུ་བར་དང་། པེ་ཅིང་ནས་ཧྲང་ཧའེ་བར། ཁྲེང་ཏུའུ་ནས་ཤིས་ཨན་བར། ཧྲང་ཧའེ་ནས་པེ་ཅིང་བར། ཧྲེན་དབྱང་ནས་པེ་ཅིང་བར། ཝུའུ་ཧན་ནས་ཧྲང་ཧའེ་བར། ཤིས་ཨན་ནས་ཁྲེང་ཏུའུ་བར། ཐའེ་ཡོན་ནས་པེ་ཅིང་བར། ཀོང་ཀྲོའུ་ནས་ནན་ཉིང་བར། ཧུའུ་ཧོ་ཧའོ་ཐེ་ནས་པེ་ཅིང་བར་སོགས་ཀྱི་ས་ཆར་འགྲུལ་པ་མང་པོ་གཅིག་ཏུ་བསྡུས་ཡོད་པ་རེད།
ས་གནས་ཁག་གི་ལྕགས་ལམ་སྡེ་ཚན་གྱིས་ཕྱིར་ལོག་འགྲུལ་པ་མང་བའི་གནས་ཚུལ་ལ་ཁ་གཏད་ཧུར་ཐག་གཅོག་པ་དང་སྐྱེལ་འདྲེན་ནུས་ཤུགས་ཀྱི་ཐོན་ཁུངས་སྤྱི་འདོམས་བེད་སྤྱོད་བྱས་ཏེ། ནུས་ཤུགས་ཡོད་རྒུས་འགྲུལ་པ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ཕྱིར་ལོག་ཐུབ་པའི་འགན་ལེན་བྱས་ཤིང་། རྒྱལ་ཁབ་ལྕགས་ལམ་ནན་ཁྲང་ཅུས་ཚོགས་པ་ཀུང་སིས་ནན་ཁྲང་ནས་ཧང་ཀྲོའུ་བར་དང་། ཅིའུ་ཅང་ནས་ཀོང་ཀྲོའུ་བར་སོགས་ཐོན་མང་བའི་ཁ་ཕྱོགས་སུ་འགྲུལ་སྐྱེལ་མེ་འཁོར་381མང་དུ་བཏང་བ་དང་། དེའི་ནང་མཚན་མོའི་མྱུར་བགྲོད་ལྕགས་ལམ་གྱི་མེ་འཁོར་12ཡོད། རྒྱལ་ཁབ་ལྕགས་ལམ་ཀོང་ཀྲོའུ་ཅུས་ཚོགས་པ་ཀུང་སིས་ཀོང་ཧྲེན་ས་ཁུལ་ནས་ཁྲའོ་ཀྲོའུ་དང་། ཧྲན་ཐོའུ། ཀྲན་ཅང་སོགས་ཐོན་མང་བའི་ཁ་ཕྱོགས་སུ་འགྲུལ་སྐྱེལ་མེ་འཁོར་707མང་དུ་བཏང་ཡོད། རྒྱལ་ཁབ་ལྕགས་ལམ་ཝུའུ་ལུའུ་མུའུ་ཆི་ཅུས་ཚོགས་པ་ཀུང་སིས་ཁྲེང་ཏུའུ་དང་། ལན་ཀྲོའུ། ཧོ་ཐེན་སོགས་ཐོན་མང་བའི་ཁ་ཕྱོགས་སུ་འགྲུལ་སྐྱེལ་མེ་འཁོར་66མང་དུ་བཏང་བ་མ་ཟད། ཤུགས་འགྲེམས་མེ་འཁོར་36མཉམ་འབྲེལ་འཁོར་སྐྱོད་བཀོད་སྒྲིག་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།