བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་པོ་དོན་འཁྱོལ་བྱེད་དགོས།
ཉེ་ཆར། ཧུའུ་ནན་ཁྲང་ཧྲ་ལིའུ་དབྱང་གྲོང་ཁྱེར་གྱི་ཤོག་སྦག་བཟོ་གྲྭ་ཞིག་ཏུ་འབར་གས་ཀྱི་ལས་འཛོལ་ཐོན་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ“ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་བསླབ་བྱ་གཏིང་ཟབ་བླངས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དུ་གཏོང་བར་དམ་པོར་དམིགས་ཏེ་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་པར་དམ་འཛིན་ཏན་ཏིག་བྱེད་དགོས་པའི”ནན་བཤད་གནང་བ་རེད།
བདེ་འཇགས་ཐོན་སྐྱེད་ནི་དམངས་འཚོའི་དོན་ཆེན་ཞིག་ཡིན་པས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། མི་དམངས་ལ་འགན་ཆེན་པོ་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་བློ་གཏོང་བ། ཉེན་ཁ་དང་མངོན་མེད་རྐྱེན་ངན་ལས་འཛོལ་ཚབས་ཆེན་ལ་བརྩི་བ་བཅས་བྱས་ཚེ་གཞི་ནས་བསམ་བློའི“གཅུས་སྒོ་ཨ་མ”དམ་དུ་གཏོང་བ་དང་། ལམ་ལུགས་ཀྱི“མེ་འགོག་གྱང”བརྟན་དུ་གཏོང་བ། བྱ་སྤྱོད་ཀྱི“འགན་འཁྲིའི་དྲ་བར”དམ་འཛིན་ཏན་ཏིག་བཅས་ཐུབ་སྟེ། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོ་སྲུང་ཐུབ།
བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་སྤེལ་བར་རང་འགུལ་གྱི་དབང་ཆ་སྟངས་འཛིན་བྱས་ཏེ་ངེས་པར་དུ་དུས་རྒྱུན་ནས་ལས་དོན་ཧུར་ཐག་སྒྲུབ་དགོས། ལས་འཛོལ་གྱི་མངོན་མེད་རྐྱེན་ངན་འབྱུང་རྩ་ནས་སེལ་བ་དང་འབྱུང་རྩ་ནས་གནད་དོན་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་བྱེད་པར་སྔར་བས་མཐོང་ཆེན་བྱེད་པ་དང་། ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བར་སྔར་བས་མཐོང་ཆེན་བྱེད་པ། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པར་སྔར་བས་མཐོང་ཆེན་བཅས་བྱས་ནས། ལས་གནས་ཚང་མ་དང་མི་ཚང་མ་བདེ་འཇགས་འགོག་རགས་ཀྱི་མཚམས་ཚིགས་གལ་ཆེན་ཞིག་ཏུ་གྱུར་ཚེ་གཞི་ནས་གནད་དོན་ཐོན་མ་ཐག་དང་གནོད་འཚེ་མ་འབྱུང་སྔོན་ལ་ཐག་གཅོད་ཏན་ཏིག་བྱེད་ཐུབ།
བདེ་འཇགས་ཐད“གཅིག་འཕྱུག་ཀུན་མེད”དུ་འགྱུར་སྲིད་པས་ངེས་པར་དུ“འཕྱུག་པ་གཏན་ནས་མེད་པའི”འགན་ལེན་ཏན་ཏིག་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཨང་དང་པོར་བཞག་སྟེ། མཐའ་ཚད་ཀྱི་བསམ་བློར་བརྟེན་ནས་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་བསྐྲུན་པ་དང་འགན་འཁྲི་གཙང་སྒྲུབ་ལ་བརྟེན་ནས་ཁྱིམ་ཚང་ཁྲི་སྟོང་གི་བདེ་འཇགས་སྲུང་སྐྱོང་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།