དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲེ་ཅང་དབུན་ལིན་གྱི་ཉ་པས་མཉམ་དུ་དངུལ་བཏང་ནས་བཟོས་པའི“མཚོ་གླག་ཅཱ་ཁོ”རྟགས་ཅན་གྱི་ཚན་རིག་རྟོག་ཞིབ་གྲུ་གཟིངས་གཏོང་འགོ་ཚུགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-05-07

    ཟླ་5ཚེས་5ཉིན། ཀྲེ་ཅང་དབུན་ལིན་གྱི་ཉ་པ་37གྱིས་སྒོར་དུང་ཕྱུར་1.5རང་གྲབས་བྱས་ཏེ་བཟོས་པའི“མཚོ་གླག་ཅཱ་ཁོ”རྟགས་ཅན་གྱི་ཚན་རིག་རྟོག་ཞིབ་གྲུ་གཟིངས་སུང་མོན་གྲོང་རྡལ་ཐེང་ལུང་གྲུ་གཟིངས་བཟོ་གྲྭ་ནས་མཚོ་ཐོག་ཏུ་བདེ་བླག་ངང་གཏོང་འགོ་ཚུགས་པ་རེད། བྱ་ཐབས་དེས་རང་རྒྱལ་གྱི་དམངས་ཁྲོད་སྟོབས་ཤུགས་གཙོ་བོར་བྱས་ཏེ་བཟོས་པའི་མཚོ་ཐོག་ཚན་རིག་རྟོག་ཞིབ་གྲུ་གཟིངས་རྩེ་གྲ་མེད་པའི་སྟོང་ཆ་བསྐངས་པ་དེ་ཐོག་ནས། དམངས་ཁྲོད་ཀྱི་མ་དངུལ་གཏིང་རིང་ཐག་རིང་རྒྱ་མཚོའི་ཆེད་ལས་ཀྱི་ཚན་རིག་རྟོག་ཞིབ་ཁྱབ་ཁོངས་སུ་བཀོད་སྒྲིག་བྱེད་པར་གྲུབ་འབྲས་གལ་ཆེན་ཐོབ་པ་མཚོན་ཡོད། འདི་ནི་ཟླ་5ཚེས་5ཉིན“མཚོ་གླག་ཅཱ་ཁོ”རྟགས་ཅན་གྱི་ཚན་རིག་རྟོག་ཞིབ་གྲུ་གཟིངས་སུང་མོན་གྲོང་རྡལ་ཐེང་ལུང་གྲུ་གཟིངས་བཟོ་གྲྭ་ནས་མཚོ་ཐོག་ཏུ་བདེ་བླག་ངང་གཏོང་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།