དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་གསུམ་གྱིས་ཡིག་ཆ་བཀྲམ་སྟེ།

    དགེ་སྒྲུབ་རྩ་འཛུགས་ཀྱིས་ལོ་འཁོར་གྱི་ཞལ་འདེབས་བསྡུ་བའི་མ་གནས་ལོ་དང་པོ་ནས་གསུམ་པའི་བར་གྱི་ཞལ་འདེབས་ཡོང་འབབ་ཀྱི་ཆ་སྙོམས་གྲངས་འབོར་གྱི་3%ལས་མཐོ་མི་ཆོག་ཅེས་བཏོན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-05-07

    ཉེ་ཆར། དམངས་སྲིད་པུས་ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་དང་མཉམ་དུ《དགེ་སྒྲུབ་རྩ་འཛུགས་ཀྱིས་དགེ་སྒྲུབ་བྱེད་སྒོ་སྤེལ་བའི་ལོ་འཁོར་གྱི་འགྲོ་སོང་དང་། དོ་དམ་འགྲོ་གྲོན། ཞལ་འདེབས་བསྡུ་བའི་མ་གནས་བཅས་སྐོར་གྱི་གཏན་འབེབས》ཁྱབ་བསྒྲགས་བྱས་ནས་དགེ་སྒྲུབ་རྩ་འཛུགས་ཀྱི་ཞལ་འདེབས་བསྡུ་བའི་མ་གནས་ཀྱི་མཚན་ཉིད་ཁ་གསལ་བཟོས་པ་དང་དགེ་སྒྲུབ་རྩ་འཛུགས་ཀྱི་ལོ་འཁོར་གྱི་ཞལ་འདེབས་བསྡུ་བའི་མ་གནས་དེ་ལོ་དང་པོ་ནས་གསུམ་པའི་བར་གྱི་ཞལ་འདེབས་ཀྱི་ཆ་སྙོམས་གྲངས་འབོར་གྱི་3%ལས་མཐོ་མི་ཆོག་པ་དང་གཏན་འབེབས་དེ་ཁྱབ་བསྒྲགས་བྱས་པའི་ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

    གཏན་འབེབས་ནང་། དགེ་སྒྲུབ་རྩ་འཛུགས་ཀྱི་དགེ་སྒྲུབ་བྱེད་སྒོའི་འགྲོ་སོང་གཙོ་བོ་ཁེ་ཕན་ཐོབ་མཁན་ལ་སྤྱོད་དགོས་པ་དང་འབྲེལ། དགེ་སྒྲུབ་རྩ་འཛུགས་ཀྱིས་འབྲེལ་ཡོད་འགྲོ་སོང་གི་བསྡུར་ཚད་རྩིས་རྒྱག་སྐབས་མཐའ་མའི་ཁེ་ཕན་ཐོབ་མཁན་ལ་འབྱོར་བའི་དངུལ་དང་དངོས་པོ་དེ་དགེ་སྒྲུབ་བྱེད་སྒོའི་འགྲོ་སོང་དུ་བརྩི་དགོས་པའི་བླང་བྱ་བཏོན་ཡོད། གཏན་འབེབས་ནང་དགེ་སྒྲུབ་རྩ་འཛུགས་ཀྱི“ལྟ་ཞིབ་ལྷན་ཚོགས་སོགས་ལྟ་སྐུལ་སྒྲིག་གཞིའི་ལས་ཀའི་གྲོན་དངུལ”དང“ཏང་འཛུགས་སྐྱོང་གི་ལས་ཀའི་གྲོན་དངུལ”དོ་དམ་གྲོན་དངུལ་ནས་གཏོང་ཆོག་པ་ཁ་གསལ་བཟོས་ཡོད་པ་རེད། གཏན་འབེབས་ནང་དགེ་སྒྲུབ་རྩ་འཛུགས་ཀྱི་ཞལ་འདེབས་བསྡུ་བའི་མ་གནས་ཞེས་པ་ནི་དགེ་སྒྲུབ་རྩ་འཛུགས་ཀྱིས་དགེ་སྒྲུབ་ཀྱི་དམིགས་ཡུལ་ལ་གཞིགས་ནས་རྒྱུ་ནོར་བསྡུ་རུབ་བྱེད་སྐབས་ཐོན་པའི་འགྲོ་གྲོན་ལ་ཟེར་བ་དང་འབྲེལ“ཞལ་འདེབས་བསྡུ་བའི་བྱེད་སྒོར་རྩ་འཛུགས་དེ་གའི་བྱེད་སྒོ་སྤེལ་ཡུལ་གྱི་སྒྲིག་ཆས་དང་ལས་དོན་པའི་འབྲེལ་ཡོད་འགྲོ་གྲོན་ཞལ་འདེབས་བསྡུ་བའི་མ་གནས་ལ་བརྩི་མི་ཆོག”པ་དང“དགེ་སྒྲུབ་རྩ་འཛུགས་ཀྱིས་དོན་དངོས་ལ་གཞིགས་ནས་ཞལ་འདེབས་བསྡུ་བའི་མ་གནས་གཏོང་དགོས”ཞེས་ནན་བཤད་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།