2026ལོའི་ཀྲུང་གོ་རྒྱལ་སྤྱིའི་རྐང་འཁོར་འགྲེམས་ཚོགས་ཧྲང་ཧའེ་རུ་གཉེར་བ།

ཟླ་5ཚེས་5ནས་ཚེས་8ཉིན་བར། 2026ལོའི་ཀྲུང་གོ་རྒྱལ་སྤྱིའི་རྐང་འཁོར་འགྲེམས་སྟོན་ཧྲང་ཧའེ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ལྟེ་གནས་གསར་པར་གཉེར་རྒྱུ་ཡིན་ཞིང་། སྐབས་འདིའི་འགྲེམས་ཚོགས་ཀྱིས“གསར་གཏོད་ལ་བརྟེན་ནས་ཡར་སྐུལ་བྱེད། རིག་ནུས་ཀྱིས་འབྱུང་འགྱུར་ལ་སྣེ་ཁྲིད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་གོ་ལ་ཧྲིལ་པོའི་རྐང་འཁོར་ཐོན་ལས་ཀྱི་ལྗང་མདོག་དང་། རིག་ནུས། རྩེར་སོན་བཅས་ཀྱི་འཕེལ་ཕྱོགས་དམ་པོར་བཟུང་ནས་གོ་ལ་ཧྲིལ་པོའི་འགྲེམས་ཚོང་པ་དང་། ཉོ་མཁན། ལྟ་མཁན་བཅས་ལ་ཐོན་རྫས་འགྲེམས་སྟོན་དང་། ལག་རྩལ་སྤེལ་རེས། ཚོང་དོན་མཉམ་ལས། རིག་གནས་ཉམས་ལེན་བཅས་གཞི་གཅིག་ཏུ་འདུས་པའི་འཛམ་གླིང་རིམ་པའི་ཐོན་ལས་ལས་སྟེགས་ཤིག་གཏོད་རྒྱུ་རེད། འདི་ནི་ཕྱི་རྒྱལ་གྱི་ལྟ་སྐོར་བས་ཧྲང་ཧའེ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ལྟེ་གནས་གསར་པར་འགྲེམས་སྟོན་བྱས་པའི་རྐང་འཁོར་ལ་ལྟ་བཞིན་པ།
འབྲེལ་ཡོད་གསར་འགྱུར།