དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་HPVརིམས་འགོག་སྨན་ཁབ་མང་དུ་བཏང་ནས་དམངས་ལ་ཕན་བདེ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-07

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “ཨེམ་རྗེ་ལགས་སྐུ་ཁམས་བཟང་། ང་HPVརིམས་འགོག་སྨན་ཁབ་ཀྱི་སྐོར་འདྲི་བར་ཡོང་བ་ཡིན། ངའི་བུ་མོ་ད་ལོ་ལོ་13ལ་སླེབས་ཡོད་པས་རིན་མེད་ངང་རིམས་འགོག་སྨན་ཁབ་རྒྱག་པའི་ཆ་རྐྱེན་དང་ཏག་ཏག་མཐུན་གྱི་འདུག དེའི་སྔོན་མངགས་ཀྱི་བརྒྱུད་རིམ་དང་དོ་སྣང་བྱེད་དགོས་རིགས་གང་དག་ཡོད་དམ”ཞེས་ཉེ་ཆར། ཟི་ལིང་གྲོང་ཁྱེར་གྲོང་དབུས་ཆུས་ནན་ཁྲོན་ཤར་ལམ་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་རིམས་འགོག་སྨན་ཁབ་རྒྱག་སའི་སྒོ་བསྟེན་སྨན་ཁང་དུ་གྲོང་མི་ཝང་ལགས་ཀྱིས་རིམས་འགོག་སྨན་ཁབ་རྒྱག་པའི་འབྲེལ་ཡོད་གནད་དོན་འདྲི་བར་ཡོང་སྐབས་སྨན་པས་ལན་ཞིབ་ཚགས་བརྒྱབ་པ་རེད། སྨན་བཅོས་ཁང་གི་ཕྱི་རོལ་དུ་སློབ་ལོ་ལོན་པའི་བུ་མོ་མང་པོ་ཞིག་གིས་རིམས་འགོག་སྨན་ཁབ་ཀྱི་ཚན་རིག་ཁྱབ་གདལ་ལག་དེབ་ལ་ནན་གྱིས་བལྟས་ནས་རིམས་འགོག་སྨན་ཁབ་རྒྱག་པའི་དོགས་གནད་དང་མྱོང་ཚོར་དག་ཕན་ཚུན་སྤེལ་རེས་བྱེད་བཞིན་ཡོད།

    འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ལོ་ལྟར་ཟླ་4པའི་གཟའ་འཁོར་མཇུག་ཤོས་དེ“འཛམ་གླིང་རིམས་འགོག་གཟའ་འཁོར” ལ་གཏན་འཁེལ་བྱས་ནས། རིམས་འགོག་སྨན་ཁབ་དེས་རིམས་ནད་ཉུང་དུ་གཏོང་བ་དང་ཚེ་སྲོག་སྐྱོབ་པར་ཐོན་པའི་གལ་ཆེའི་རང་བཞིན་ནན་བཤད་བྱེད་ཀྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་ཟླ་4ཚེས་15ཉིན་ནས་བཟུང་། སློབ་ལོ་ལོན་པའི་མི་ཚོགས་ལ་HPVརིམས་འགོག་སྨན་ཁབ་རྒྱག་པའི་དམངས་ཕན་བྱེད་སྒོ་སྤེལ་འགོ་ཚུགས་ཡོད་ཅིང་། སྨན་ཁབ་རྒྱག་ཡུལ་ནི་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ཀྱི་ལོ་9ནས་45བར་གྱི་བུད་མེད་དང་ལོ་16ནས་26བར་གྱི་སྐྱེས་པའི་ཁྲོད་HPVརིམས་འགོག་སྨན་ཁབ་རྒྱག་མྱོང་མེད་པའི་མི་ཚོགས་ཡིན་པ་དང་། རྒྱུན་སྡོད་མི་འབོར་དང་ཕྱོགས་མི་གཉིས་ཀ་ཚུད་ཡོད། HPVརིམས་འགོག་སྨན་ཁབ་མི་འཕྲོད་མཁན་དག་རིམས་འགོག་སྨན་ཁབ་རྒྱག་པའི་ཁྱབ་ཁོངས་སུ་བཅུག་མེད། གཞན་ཡང་རིམས་འགོག་སྨན་ཁབ་མི་འདྲ་བ་དེ་དག་མི་ཚོགས་མི་འདྲ་བར་དམིགས་ནས་ཁྱད་པར་ཅན་གྱི་སྨན་རིན་ཆག་ཡང་དང་རྩ་ཆག་སྲིད་ཇུས་བཟོས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།