དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གཞུ་སྨད་ཤང་གིས།

    “ཞིང་ཕན་སྲིད་ཇུས་ཁྱིམ་ཚང་ཀུན་ལ་ཁྱབ། མཐུན་སྒྲིལ་མེ་ཏོག་གྲོང་གསེབ་གང་སར་བཞད”ཅེས་པའི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-07

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གཞུ་སྨད་ཤང་ཏང་ཨུད་དང་ཤང་སྲིད་གཞུང་གིས“ཞིང་ཕན་སྲིད་ཇུས་ཁྱིམ་ཚང་ཀུན་ལ་ཁྱབ། མཐུན་སྒྲིལ་མེ་ཏོག་གྲོང་གསེབ་གང་སར་བཞད”ཅེས་པའི་བརྗོད་དོན་གཙོ་བོའི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཞིང་། གཞུ་སྨད་གྲོང་ཚོ་དང་། ཨང་སྒང་གྲོང་ཚོ། ཉི་ཞོལ་གྲོང་ཚོ། ཧོ་དུང་གྲོང་ཚོ། ཧོར་སྡེ་གྲོང་ཚོ། སྲན་སྒང་གྲོང་ཚོ་སོགས་སུ་བསྐྱོད་དེ། སྲིད་ཇུས་སྒྲོག་འགྲེལ་ཁུག་གསང་གཅིག་ཀྱང་མ་ལུས་པར་ཤང་ཡོངས་སུ་ཁྱབ་པར་བྱས་པ་རེད།

    ཐེངས་འདིའི་བརྗོད་དོན་གཙོ་བོའི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོར་རིམ་རྩིས་བརྒྱབ་ན་མང་ཚོགས་600ལྷག་ཙམ་ཞུགས་པས། མང་ཚོགས་ཀྱིས་ཞིང་ཕན་དམངས་ཕན་གྱི་སྲིད་ཇུས་ཁག་ཤེས་རྟོགས་ཐུབ་ཚད་དང་། གོ་བ་ལེན་ཐུབ་ཚད། བློ་ཡིད་ཚིམ་ཚད་བཅས་མཐོ་རུ་ནུས་ལྡན་ཕྱིན་ནས། ཤང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བློ་གཅིག་སེམས་གཅིག་དང་། མཐུན་སྒྲིལ་ཡར་བརྩོན། བདེ་སྐྱིད་ཁྱིམ་གཞིས་མཉམ་དུ་གཏོད་པ་བཅས་ཀྱི་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།