དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཁྲང་དཀར་གྲོང་ཚོས།

    མཉམ་སྡེབ་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གི་ལོ་འཁོར་གྱི་བགོ་འགྲེམས་ཚོགས་ཆེན་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-07

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཁྲང་དཀར་གྲོང་ཚོས་མཉམ་སྡེབ་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གི་ལོ་འཁོར་གྱི་བགོ་འགྲེམས་ཚོགས་ཆེན་འཚོགས་ཤིང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་། གྲོང་སྡོད་ལས་དོན་རུ་ཁག མཉམ་ལས་ཁང་གི་ལས་འཛིན་ལྟ་ཞིབ་པ་སོགས་མཉམ་དུ་འཛོམས་ནས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་དུ་ལོངས་སྤྱོད་བྱས་པས། རྒྱ་ཆེའི་མང་ཚོགས་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཕུགས་བསམ་དང་དད་སེམས་སྔར་བས་ཟབ་ཏུ་ཕྱིན་ཡོད་པ་རེད།

    ད་ཐེངས་ཁྱོན་སྒོར་ཁྲི་24.6བགོ་འགྲེམས་བརྒྱབ་པ་དང་དངུལ་ཚང་མ་ཐད་ཀར་སྒེར་གྱི་རྩིས་ཁྲར་བསྒྱུར་ཡོད། ཁྲང་དཀར་གྲོང་ཚོས་ད་དུང་ཆེད་དངུལ་བཏང་ནས་ཐོ་ཕྲུག་དང་དེ་བཞིན་ཐོང་གཤོལ་ཉོས་ནས་གྲོང་ཚོའི་ཞིང་ལས་འཕྲུལ་ཆས་ཅན་གྱི་ཞན་ཆ་ནུས་ལྡན་ངང་བསལ་བ་མ་ཟད། རྨོ་ཞིང་དང་རྨོ་འདེབས་ཀྱི་ཕན་འབྲས་ཆེ་རུ་བཏང་ནས་གྲོང་ཚོའི་ཞིང་ལས་སྐྱེ་དངོས་འདེབས་འཛུགས་དང་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་འགྲོ་བར་འགན་ལེན་བརྟན་པོ་བྱས་ཡོད།

    “དེ་རིང་བགོ་འགྲེམས་རག་བྱུང་བས་སེམས་ནང་དགའ་ཚོར་ཆེན་པོ་བྱུང་། དེ་དག་ཚང་མ་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ཡིན་པས་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན། སླད་ཕྱིན་ངས་གྲོང་ཚོའི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་དེ་བས་མཛེས་པའི་ཕ་ཡུལ་སྐྲུན་ཐུབ་པ་བྱེད་ཀྱི་ཡིན”ཞེས་ཡུལ་མི་བྱམས་པས་སེམས་འགུལ་ཐེབས་བཞིན་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།