ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་གིས།
གྲོང་ཚོའི(སྡེ་ཁུལ)ལས་བྱེད་པ་དང་ཡུལ་མི་མང་ཚོགས་ཀྱིས་གཏམ་རྒྱུད་ཤོད་པའི་བྱེད་སྒོ་སྐབས་གཉིས་པ་སྤེལ་བ།

འདི་ནི་ཡུལ་མིའི་འཐུས་མིས་གྲོང་གསེབ་ཀྱི་འཕོ་འགྱུར་སྐོར་གྱི་གཏམ་རྒྱུད་ཤོད་བཞིན་པ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་གི་གྲོང་ཚོ(སྡེ་ཁུལ)84ཡིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པ་དང་ཡུལ་མི་མང་ཚོགས་ཀྱིས་གཏམ་རྒྱུད་ཤོད་པའི་བྱེད་སྒོ་སྐབས་གཉིས་པ་སྤེལ་ནས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་སྤོབས་པ་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་རེད།
གཏམ་རྒྱུད་ཤོད་པའི་འགྲན་བསྡུར་བྱ་ཡུལ་དུ་སྦྲུལ་དག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་ཐར་བརྩོན་གྱིས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་གྲོང་ཚོའི་འཕེལ་རྒྱས་དང་འཕོ་འགྱུར་གཙོ་རྐང་དུ་བྱས་ཏེ་གསོན་ཉམས་དོད་པའི་དཔེ་མཚོན་བསྡུར་བའི་ཐོག་ནས་མང་ཚོགས་ཀྱི་ཟས་གོས་སྡོད་གསུམ་དང་། ཐོན་ལས་འཕེལ་རྒྱས། གྲོང་ཚོའི་རྣམ་པ། བསམ་པའི་ཉམས་འགྱུར་སོགས་ཀྱི་ཐད་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བའི་སྐོར་བཤད་པས། གཏམ་རྒྱུད་མི་སེམས་འགུལ་བ་དང་ངོས་འཛིན་གཅིག་ཏུ་བསྒྲིལ་ཐུབ་པ་ཞིག་ཡོད། དེ་རྗེས་ཡུལ་མིའི་འཐུས་མི་ཚོས་སྡིངས་ཆའི་ཐོག་རིམ་པས་རང་ཉིད་ཀྱི་མྱོང་ཚོར་དངོས་དང་ཟུང་འབྲེལ་གྱིས་བདེ་སྐྱིད་ལྡན་པའི་འཚོ་བ་དང་འབད་འཐབ་ཀྱི་ལོ་རྒྱུས་བཤད་ཅིང་། ལས་བྱེད་པ་དང་མང་ཚོགས་མཉམ་འཛོམས་ཀྱིས་ཕ་ཡུལ་གྱི་གནས་ཚུལ་ཤོད་པ་དང་། འཕེལ་རྒྱས་ཀྱི་སྐོར་བརྗོད་པ། འབྱུང་འགྱུར་གླེང་བ་སོགས་བྱས་ནས་དྲིན་ཚོར་འབད་འབུངས་དང་མཐུན་སྒྲིལ་ཡར་ཐོན་གྱི་དྲང་ནུས་ཆེན་པོ་བརྒྱུད་སྤྲོད་བྱས་ཡོད་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་དེ་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་དང་གྲོང་ཚོ(སྡེ་ཁུལ)ཁག་ལ་ཁྱབ་ཡོད་པས། གཞི་རིམ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། དུས་མཚུངས་སུ་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་ཕྱིན་པ་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པ་མ་ཟད། འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།