དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སོག་རྫོང་གི་གྲོང་ཚོའི་འགན་འཁུར་བ་གཙོ་བོས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཆུ་ཚད་འགྲན་བསྡུར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-07

    ཉེ་ཆར། ནག་ཆུ་གྲོང་ཁྱེར་སོག་རྫོང་གིས་དུས་ཐེངས་ལྔ་པའི་གྲོང་ཚོའི་འགན་འཁུར་བ་གཙོ་བོའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཆེད་དོན་སློབ་གསོའི་གསོ་སྦྱོང་འཛིན་གྲྭའི་ཤེས་བྱ་འགྲན་བསྡུར་བྱས་པ་རེད། རྫོང་ཡོངས་ཀྱི་གྲོང་ཚོའི་འགན་འཁུར་བ་གཙོ་བོ་54སོག་རྫོང་གི་རྫོང་ཨུད་ཏང་གི་སློབ་གྲྭའི་ནུས་མང་སློབ་ཁང་དུ་འཛོམས་ནས་འགྲན་བསྡུར་ལ་བརྟེན་ཏེ་སློབ་སྦྱོང་ལ་སྐུལ་འདེད་དང་སློབ་སྦྱོང་ལ་བརྟེན་ནས་བེད་སྤྱོད་ལ་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་གྲོང་ཚོའི་འགན་འཁུར་བ་གཙོ་བོའི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པར་བྱས་ཡོད།

    འགྲན་བསྡུར་བྱ་ཡུལ་དུ་སློབ་མ་ཚོ་ཚོགས་ཆུང་10ལ་བགོས་ནས་གོ་རིམ་ལྡན་པའི་ངང་སྒྲ་ཉན་ནས་ཡི་གེ་ངོས་འཛིན་དང་། དྲི་བར་ལན་འདེབས་པ། རྒྱ་བོད་ཡིག་སྒྱུར། ཡུལ་རྣམ་ལད་ཟློས། སྟབས་བདེའི་དྲི་བ་འདོན་པ་སོགས་ལྷུ་ཚིགས་མང་པོའི་འགྲན་བསྡུར་བྱས་པ་རེད། འགྲན་བསྡུར་གྱི་ནང་དོན་གཞི་རིམ་གྱི་ལས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སློབ་མས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཤེས་རྟོགས་ཀྱི་ནུས་པར་ཞིབ་དཔྱད་བྱས་པ་མ་ཟད། ཁོང་ཚོའི་དངོས་སྤྱོད་ཀྱི་ཆུ་ཚད་ལའང་ཞིབ་དཔྱད་བྱས་པ་རེད། བདམས་ཐོན་པ་ཚོས་སྙིང་སྟོབས་རབ་ཏུ་འཕེལ་བ་དང་། ཕན་ཚུན་གཞོགས་འདེགས་ཟབ་མོ་བྱེད་པ། དྲི་བར་ལན་ཧུར་ཐག་འདེབས་པ། མཐུན་སྒྲིལ་མཉམ་ལས་ཀྱི་བསམ་པ་ལྡན་པ། དཔའ་ངར་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་བཅས་ཀྱི་རྣམ་པ་ཐོག་མཐའ་བར་གསུམ་དུ་མངོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།