དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཡོངས་ཀྱི་དངུལ་ཁང་དྲ་ཚིགས་ཚང་མར་རྒན་རྒོན་ལ་འཚམ་པའི་སྒྲིག་ཆས་སྒྲིག་སྦྱོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-07

     གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། དངུལ་ཁང་དེས་རྒན་རྒོན་ཚོགས་སྤྱི་དང་རྒྱ་ཆེའི་ཞིང་འབྲེལ་བྱེད་པོའི་གཏོང་སྤྲོད་དགོས་མཁོར་དམིགས་ནས། གཏོང་སྤྲོད་ཀུན་ཕན་འཛུགས་སྐྱོང་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཞིང་། མིག་སྔའི་བར། ལྗོངས་ཡོངས་ཀྱི་དངུལ་ཁང་དྲ་ཚིགས་748ལ་རྒན་རྒོན་ལ་འཚམ་པའི་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས་ལེགས་གྲུབ་བྱུང་ཚད་100%ཟིན་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་དགོས་མཁོར་དམིགས་ནས་རྒན་རྒོན་ལ་འཚམ་པའི་་ཞབས་ཞུ་ལེགས་སུ་གཏོང་བ་དང་། དངུལ་ཁང་དྲ་ཚིགས་ལ་རྒན་རྒོན་མིག་ཤེལ་དང་། རྐུབ་སྟེགས་འཁོར་ལོ་ཅན། སྨན་བཅོས་སྒམ། ཁྲག་ཤེད་འཇལ་ཆས་སོགས་ཀྱི་དངོས་པོ་མཁོ་འདོན་བྱེད་པར་ཁྲིད་སྟོན། རྒན་རྒོན་ལ་ཞབས་འདེགས་ཞུ་བའི་གཅེས་སེམས་སྐར་ཁུང་དང་ཞབས་ཞུའི་ལས་སྟེགས་བཙུགས་ནས་རྒན་བཀུར་འཚང་གཡོལ་ཞབས་འདེགས་སོགས་ཀྱི་སྟབས་བདེའི་བྱ་ཐབས་ཁྱབ་གདལ་བཏང་སྟེ། དངུལ་ཁང་གི་དྲ་ཚིགས་ཀྱི་ལས་སྒོ་སྒྲུབ་གཉེར་གྱི་གཏོང་སྤྲོད་ཁོར་ཡུག་ལེགས་སུ་བཏང་ཡོད་པ་རེད།

    དེ་དང་ཆབས་ཅིག་གནད་སྨིན་ཇུས་འདོན་གྱིས་རང་ཡུལ་ཅན་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཞིང་། དངུལ་ཁང་སྒྲིག་གཞིར་ལག་ཐོགས་ཁ་པར་དངུལ་ཁང་དང་རིག་ནུས་སྒྲོམ་སྟེགས་སོགས་སུ་བོད་ཡིག་གི་བཀོལ་སྤྱོད་ཀྱི་མཐུད་ངོས་སྤྱོད་པར་ཁྲིད་སྟོན་བྱས་ཡོད། མིག་སྔའི་བར། ལྗོངས་ཡོངས་ཀྱི་དངུལ་ཁང་5ཡི་ལག་ཐོགས་ཁ་པར་དངུལ་ཁང་དུ་བོད་ཡིག་སྤྱོད་ཐུབ་པ་དང་། དངུལ་ཁང་9ཡི་ATMསོགས་རིག་ནུས་གཏོང་སྤྲོད་མཐའ་སྣེར་བོད་རྒྱ་སྐད་གཉིས་ཀྱི་བཀོལ་སྤྱོད་ཞབས་འདེགས་ཞུ་ཐུབ་ཀྱི་ཡོད། ཀྲུང་གོ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་སྦར་མཐིལ་དངུལ་ཁང་དུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་མང་བའི་པར་གཞི་སྤྱད་ནས་སྒུལ་བདེའི་དངུལ་རྩའི་ཞབས་ཞུར་ཚད་བརྒལ་གསར་པ་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།