དབུ་ཤོག
  • ཇ་འོས་འཚམ་བཏུངས་ན་གཟུགས་པོར་ཕན། བཏུང་བྱ་འདིའི་རིགས་མ་མཆོད་ན་ལེགས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-05-06

    མི་མང་པོ་ཞིག་གིས་གཅིན་སྙི་ཟ་ཁུའི་ནད་ནི་གཙོ་བོ་ཟ་མ་བཟས་དྲགས་པ་དང་། ཤ་རྒྱགས་པ། སྦྱོང་བརྡར་མི་འདང་བ་བཅས་དང་འབྲེལ་བ་ཡོད་པར་སྙམ་གྱི་ཡོད་མོད། འོན་ཀྱང་རྒྱུན་དུ་རྐྱེན་གཙོ་བོ་ཞིག་སྣང་མེད་དུ་གཏོང་བ་དེ་ནི་མངར་ཆ་མང་པོ་འདུས་པའི་བཏུང་བྱ་འཐུང་བ་དེ་རེད། ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། ང་ཚོས་བཏུང་བྱ་མངར་མོ་ཁམ་གང་བཏུངས་ན་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁ་ཆེ་རུ་འགྲོ་གི་ཡོད་པས། སྦྱོང་བརྡར་བྱས་ནའང་དེའི་གནོད་པ་སེལ་ཐུབ་ཀྱི་མེད།

    བཏུང་བྱ་མངར་མོ་ཧ་ལམ་མི་འཐུང་མཁན་དང་བསྡུར་ན། ཉིན་རེར་མངར་ཆ་འདུས་པའི་བཏུང་བྱ་འཐུང་མཁན་ལ་གཅིན་སྙི་ཟ་ཁུའི་ནད་ཕོག་པའི་ཉེན་ཁ་41%གིས་མཐོ་བ་ཡོད་པ་དང་། ཉིན་རེར་མངར་ཆ་འདུས་པའི་བཏུང་བྱ་ཕོར་བ་གཉིས་སམ་དེའི་ཡན་བཏུངས་ཚེ། གཅིན་སྙི་ཟ་ཁུའི་ནད་ཕོག་པའི་ཉེན་ཁ་11%ཆེ་རུ་འགྲོ་སྲིད།

    དེ་བས་གལ་ཆེ་བ་ཞིག་ནི། གཟའ་འཁོར་རེར་ཉུང་མཐའ་ཡང་ཤུགས་ཚད་འབྲིང་བའི་ལུས་སྦྱོང་སྐར་མ་150བྱས་ཀྱང་། བཏུང་བྱ་མངར་མོས་བཟོས་པའི་གནོད་པ་རྦད་དེ་སེལ་མི་ཐུབ།

    ལུས་པོའི་བདེ་ཐང་དང་ཆེས་འཚམ་པའི་བཏུང་བྱ་ནི་ཚ་གྲང་རན་པའི་ཆུ་ཁོལ་རེད། གང་ལགས་ཤེ་ན། ཆུ་ཁོལ་ལ་ལུས་ཁམས་སྙོམས་སྒྲིག་གི་བྱེད་ནུས་གལ་ཆེན་ལྡན་ཞིང་། ལུས་པོའི་རྙིང་ཚབ་གསར་བརྗེ་དང་འཇུ་བྱེད་མ་ལག་གསོ་ཞིང་གཞང་འགག་སེལ་བ་སོགས་ཀྱི་ནུས་པ་ལྡན་ཡོད། 

    གཞན་ཡང་། རྒྱུན་དུ་ཇ་བཏུངས་ནའང་ལུས་པོར་ཕན་པ་ངེས་ཅན་ཡོད་དེ། ཞིབ་འཇུག་ལས་མངོན་པར། རྒྱུན་དུ་ཇ་འཐུང་མཁན་ལ་འབྲས་སྐྲན་དང་། གཟའ་གྲིབ་ནད། ཁྲག་ཤེད་མཐོ་བའི་ནད། སྙིང་ཁམས་ཁྲག་རྩའི་ནད་སོགས་ཕོག་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་པས། དུས་རྒྱུན་ཇ་འོས་འཚམ་བཏུངས་ན་བདེ་ཐང་ལ་ཕན་པ་ལས་གནོད་མི་སྲིད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།