དབུ་ཤོག
  • བོད་ཀྱི་རི་ཀླུང་གང་སར་བཞད་པའི་མེ་ཏོག་འདི་དག་གི་མིང་ཨེ་མཁྱེན།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-05-06

    རང་རེའི་ཕ་ཡུལ་བོད་ལྗོངས་སུ་རྩྭ་སྣ་རྩི་ཤིང་དང་དེ་ཚོའི་མེ་ཏོག་གི་སྣེ་གྲངས་ཤིན་ཏུ་མང་བས་མ་ཚད། ལོ་ངོ་སྟོང་ཕྲག་གི་གོང་རོལ་ནས་མེས་པོ་ཚོས་སྐྱེ་དངོས་ལ་ཞིབ་འཇུག་གནང་སྟེ་དེ་ཚོའི་མིང་དང་རོ་ནུས་ཞུ་རྗེས་སོགས་ལ་ཚན་རིག་དང་མཐུན་པའི་ངོས་འཛིན་ཡང་དག་གནང་ཡོད་ལ། བོད་ལུགས་གསོ་རིག་གིས་གཙོ་བོར་བྱས་པའི་སྐྱེ་དངོས་རིག་པའི་ཞིབ་འཇུག་མ་ལག་ཅིག་སྔ་ས་ནས་གྲུབ་ཡོད། དེས་ན“ས་སྟེང་སྨན་མིན་ཅི་ཡང་ཡོད་མ་ཡིན”ཞེས་པ་ལྟར་སྐྱེ་དངོས་ལ་ངོ་མཚར་དང་ཡ་མཚན་གྱི་བསམ་པ་འཆང་བཞིན། ང་ཚོས་སྔོ་སྨན་དེ་ཚོའི་མིང་དང་ནུས་པ་ཉུང་ཤས་ཙམ་ཤེས་ཐུབ་ནའང་ཕན་པ་བསམ་གྱིས་མི་ཁྱབ་པའོ།

    藏波罗花 

    ཨུག་ཆོས་དམར་པོ། སྤྱི་ཟླ་6—7བར་མེ་ཏོག་བཞད། བོད་ལུགས་རྣ་ནད་དང་ཀྲུང་ལུགས་ལུས་གསོ་བའི་སྨན་ལ་སྤྱོད་པའོ།

    undefined

    独一味

    སྟག་པགས་ནག་པོ། སྤྱི་ཟླ་7—8བར་མེ་ཏོག་བཞད། ཟུངས་ཁྲག་གསོ་བ་དང་། སྐྲངས་སྦོས་འཇོམས། ཟུག་རྔུ་གཅོག་པའོ།

    黄花棘豆

    སྲད་དཀར། སྤྱི་ཟླ་6—7བར་མེ་ཏོག་བཞད། འདི་ལ་སྐྱེ་དངོས་ཀྱི་བུལ་རྩི་ལྡན་པས་རྩྭ་ཐང་གི་དུག་རྩྭ་ཡིན་ནོ།

    全缘叶绿绒蒿

    ཨུད་པལ་སེར་པོ། སྤྱི་ཟླ་5—11བར་མེ་ཏོག་བཞད། སྐྱེ་དངོས་ཞིབ་འཇུག་པ་དང་སྨན་པ་མང་པོས་འཚོལ་ཞིབ་བྱེད་པའི་སྔོ་སྨན་ཏེ་སྤྱིར་ན་མཆིན་པ་གསོ་བའོ།

    西藏蒲公英

    ཁུར་མོང་། སྔོ་ཚོད་ཟས་སུ་སྤྱོད་པ་ཡིན་ལ། མཁྲིས་ཚད་སེལ་ལོ།

    架棚

    བྱ་པོ་པན་ཆེན་ལུགས་ཀྱི་ཤིང་སྐྱུ་རུ་མ། སྤྱི་ཟླ་5—11བར་མེ་ཏོག་བཞད། ཀྲུང་ལུགས་ཀྱིས་སྡོང་པོ་ཧྲིལ་པོ་སྨན་དུ་སྤྱད་ནས་གྲུམ་ནད་དང་རྡབ་ཆག་བཅོས་པ་ཡིན་ལ། འགྲམ་པའི་གཤེར་རྨེན་གཉན་ནད་ལ་ཤིན་ཏུ་ཕན་ནོ།

    金露梅

    སྤེན་མའི་མེ་ཏོག སྤྱི་ཟླ་6—9བར་མེ་ཏོག་བཞད། ལོ་མ་དང་ཡལ་གས་སྤྱིན་རྒྱུ་བཟོ་ཐུབ་པས་མ་ཚད་ལོ་མ་གསར་པའི་སྐབས་ཇ་ལོར་སྤྱོད་པའོ།

    缘毛紫苑

    ལུག་མིག་མེ་ཏོག སྤྱི་ཟླ་5—7བར་མེ་ཏོག་བཞད། མེ་ཏོག་དང་སྡོང་པོར་གཉན་ཚད་འཇོམས་པ་དང་། གློ་སེལ་བ། དབུགས་འཚང་འཇོམས་པའི་ནུས་པ་ཡོད།

    黄苞南星

    དྭ་བ། སྤྱི་ཟླ་5—6བར་མེ་ཏོག་བཞད། སྡོང་པོ་སྨན་རྒྱུ་མང་པོའི་ནང་དུ་སྤྱོད་པའོ།

    毛花忍冬

    ཚར་པ། སྤྱི་ཟླ་7པར་མེ་ཏོག་བཞད།

    苞叶雪莲

    གཟའ་བདུད་མགོ་དགུ སྤྱི་ཟླ་7—9བར་མེ་ཏོག་བཞད། ས་བབ་སྨི་3200-4700ཙམ་གྱི་མཐོ་སར་སྐྱེས་པ་ཡིན།

    紫斑杜鹃

    བ་ལུ་ནག་པོ། སྤྱི་ཟླ་5—6བར་མེ་ཏོག་བཞད།

    乌奴龙胆

    གང་ག་ཆུང་། སྤྱི་ཟླ་8—10མེ་ཏོག་བཞད། དེ་ནི་སྔོ་ཡི་བུ་མོ་སྤུན་བདུན་གྱི་གྲས་སོ།

    砂生槐

    སྐྱི་བ། སྤྱི་ཟླ་5—7བར་མེ་ཏོག་བཞད། དེ་ནི་བྱེ་ཐང་བཅོས་པའི་སྐྱེ་དངོས་ཡིན་ལ། འབྲུ་གུར་ནངས་པ་ཆིག་ཐུབ་ཅེས་བརྗོད་དེ་སྨན་ལ་སྤྱོད་པའོ།

    线尾红景天

    སྲོ་ལོ་དམར་པོ། སྤྱི་ཟླ་7—9བར་མེ་ཏོག་བཞད། ལུས་གསོ་བ་དང་ལ་དུག་སེལ་བའི་ནུས་པ་ལྡན་པའོ།

    钉柱委陵菜

    སྔོ་སུག  སྤྱི་ཟླ་6—8 བར་མེ་ཏོག་བཞད།

    垫状点地梅

    གྲོ་ཀྲན། སྤྱི་ཟླ་6པར་མེ་ཏོག་བཞད།

    囊距翠雀花

    བྱ་རྒོད་སྤོས། མེ་ཏོག་འདི་ལ་གླ་རྩིའི་དྲི་མ་ཡོད་ཅིང་། ཆམ་རིམས་དང་པགས་ནད་ཟ་འཁྲུག་སེལ། སྦྲུལ་དུག་འཇོམས། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།