སྣ་དཀར་རྩེ་རྫོང་མདོ་ཆོས་ཤང་གིས།
གྲོང་གསེབ་ཀྱི་ས་ཁང་གཞི་གཅིག་བདག་དབང་གཏན་འཁེལ་གྱི་ཐོ་འགོད་ལག་ཁྱེར་སྤྲོད་པའི་ལས་དོན་སྤེལ་བ།
ཉེ་ཆར། སྣ་དཀར་རྩེ་རྫོང་མདོ་ཆོས་ཤང་གིས་དམངས་བདེ་དམངས་ཕན་སྟོན་ཕྱོགས་སུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། གྲོང་གསེབ་ཀྱི་ས་ཁང་གཞི་གཅིག་གི་བདག་དབང་གཏན་འཁེལ་ཐོ་འགོད་ལག་ཁྱེར་སྤྲོད་པའི་ལས་དོན་ཏན་ཏིག་སྤེལ་ནས་བདག་དབང་ལག་ཁྱེར་མང་ཚོགས་ཀྱི་ལག་ཏུ་སྤྲད་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”དངོས་འབྲེལ་བསལ་བ་རེད།
ལས་དོན་སྤེལ་འགོ་ཚུགས་རྗེས་མདོ་ཆོས་ཤང་གིས་ཆེད་དོན་སྲིད་ཇུས་སྒྲོག་འགྲེལ་ཚོགས་འདུ་འཚོགས་ནས“དུད་ཚང་རེར་ཁང་པ་རེ”གཏན་འཁེལ་བཟོ་བ་དང་དབང་ཁོངས་དཔྱད་ཡིག་ཆད་རིགས་གསབ་པ་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ཏེ། གྱོད་དཔེ་དངོས་དང་ཟུང་འབྲེལ་གྱིས་གོ་བདེ་པོས་གསལ་འགྲེལ་བྱས་པ་དང་། སྲིད་ཇུས་ཀྱི་གཞི་འཛིན་ས་དང་། སྒྲུབ་རིམ། རེ་ཞུའི་དཔྱད་ཡིག་བཅས་ལ་འགྲེལ་བཤད་གསལ་པོ་བརྒྱབ་པས་མང་ཚོགས་ལ་གོ་ཐུབ་པ་དང་། རྟོགས་ཐུབ་པ། སྒྲུབ་བདེ་བ་བཅས་བྱུང་ཡོད་པ་རེད།
མདོ་ཆོས་ཤང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་དམངས་ཕན་ཞབས་ཞུའི་བྱེད་ཐབས་རྒྱུན་མཐུད་ལེགས་སུ་བཏང་ནས་བདག་དབང་གཏན་འཁེལ་ལག་ཁྱེར་སྤྲོད་པའི་གྲུབ་འབྲས་དེ་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་ཕན་འབྲས་དངོས་ལ་བསྒྱུར་ཏེ། གཞི་རིམ་བཅོས་སྐྱོང་གི་ནུས་པ་དང་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་གི་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།