《བོད་རང་སྐྱོང་ལྗོངས་ཀྱི་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོང་གི་སྲོལ་ཡིག》དངོས་སུ་ལག་བསྟར་བྱས་པ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱིས་འཚོགས་པའི《བོད་རང་སྐྱོང་ལྗོངས་ཀྱི་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོང་གི་སྲོལ་ཡིག》གི་སྲིད་ཇུས་གསལ་འགྲེལ་སྔོན་བརྡའི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། 《བོད་རང་སྐྱོང་ལྗོངས་ཀྱི་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོང་གི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)2026ལོའི་ཟླ་5ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་ཤིང་། དེ་ནི་ལྗོངས་ཡོངས་ཀྱི་ཆ་འཕྲིན་འཕྲིན་གཏོང་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ས་གནས་ཀྱི་ཁྲིམས་སྲོལ་ཐོག་མ་དེ་ཡིན་པས། 《སྲོལ་ཡིག》དོན་ཐོག་ཏུ་འཁྱོལ་བ་དང་ཆབས་ཅིག་དུས་ཡུན་རིང་པོའི་ནང་མང་ཚོགས་ལ་དཀའ་ངལ་བཟོ་བའི་འཕྲིན་གཏོང་གི་དཀའ་གནད་ཐག་གཅོད་ཐུབ་རེ་ཡོད་པ་རེད།
《སྲོལ་ཡིག》ནང་ཁྱོན་ས་བཅད་དྲུག་དང་དོན་ཚན་སོ་དགུ་ཡོད་པར་སྤྱིའི་རྩ་དོན་དང་། འཆར་འགོད་འཛུགས་སྐྲུན། བདེ་འཇགས་སྲུང་སྐྱོང་། ལྟ་སྐུལ་དོ་དམ། བཅའ་ཁྲིམས་ཀྱི་འགན་འཁྲི། ཞར་བྱུང་བཅས་ནང་གསེས་ཁག་དྲུག་བཀོད་སྒྲིག་བྱས་ཡོད་ཅིང་། དེའི་ནང་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་དང་། ལེ་ལག་ཚང་བའི་འཕྲིན་གཏོང་སྒྲིག་བཀོད་དུས་མཚུངས་འཛུགས་སྐྲུན། འཕྲིན་གཏོང་སྒྲིག་བཀོད་བདེ་འཇགས་ཐད་ཀྱི་འགོག་སྲུང་། སྡེ་ཚན་གཞན་ནས་མཐུན་སྦྱོར་ལྟ་འདོམས་སོགས་གཙོ་གནད་ནང་དོན་ཚུད་ཡོད།
འབྲེལ་ཡོད་གསར་འགྱུར།