དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལས་གནས་ལ་གཞི་ཚུགས་ནས་ལེཌ་སྐྱེས་འབུལ། ལང་ཚོར་བརྟེན་ནས་འགན་འཁྲི་ཕྲག་ཏུ་འཁུར།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-06

    རེ་བ་ཡོད་ཚད་གཞོན་ནུར་བཅོལ། རླབས་ཆེན་བྱ་གཞག་ལེགས་པར་སྒྲུབ།

    ལྔ་བཞི་གཞོན་ནུའི་དུས་ཆེན་འཆར་ཉེའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་དང་དུས་རབས་གསར་པའི་གཞོན་ནུའི་གདོང་ལེན་བྱ་དགའ་ཐོབ་མཁན་འཐུས་མིར་འཕྲིན་ལན་སྤྲིངས་ནས་རྒྱལ་ཡོངས་མི་རིགས་ཁག་གི་གཞོན་ནུ་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་མ་ཟད། ཐུགས་རེ་ཟབ་མོའང་བཅོལ་གནང་ནས“མི་སྒེར་གྱི་དོན་གཉེར་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མཉམ་འདྲེས་བྱེད་པ་དང་རང་ངོས་ཀྱི་ལས་གནས་ལ་གཞི་ཚུགས་ནས་ལས་རྗེས་གསར་པ་རྒྱུན་ཆད་མེད་པར་བཏོད་དེ་རྒྱང་ལམ་གསར་པར་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས”ཞེས་གསུངས་ཡོད།

    “ལྔ་གཅིག”གུང་གསེང་རིང་། ཀྲུང་གོའི་ས་གཞི་ཆེ་མོར་ལས་གནས་བརྟན་སྲུང་དང་འབད་འཐབ་ལྷོད་མེད་བྱེད་མཁན་གཟུགས་བརྙན་ཁྲོད་སྤོབས་སེམས་ཆེན་པོས་འགན་འཁྲི་འཁུར་བ་དང་དངོས་སྒྲུབ་ལེགས་སྐྱེས་འབུལ་མཁན་གཞོན་ནུ་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་ཐོག་ལང་ཚོའི་བཀྲག་མདངས་འཚེར་བར་བྱེད་བཞིན་ཡོད།

    དུས་ཆེན་རིང་རང་འགན་གཙང་སྒྲུབ་ཀྱིས་ལས་གནས་བརྟན་སྲུང་བྱས་པ།

    བརྗིད་ཉམས་ལྡན་པའི་ཅིང་ཀང་ཧྲན་རི་བོ་ནས་ནམ་ཡང་མི་ནུབ་པའི་དཔའ་བོའི་སྙིང་སྟོབས་མངོན། ཅང་ཤིས་ཅི་ཨན་གྲོང་ཁྱེར་ཅིང་ཀང་ཧྲན་རི་བོའི་གྲགས་ཅན་མཛེས་ལྗོངས་ཁུལ་དུ་ཞོགས་པ་ཧོང་དབྱང་རི་བོར་སྨུག་སྤྲིན་འཁྲིགས་ཤིང་བསིལ་རླུང་དལ་གྱིས་ལྡང་།

    ཅིང་ཀང་ཧྲན་རི་བོའི་གསར་བརྗེའི་རྟེན་མཛོད་ཁང་གི་གཞོན་ནུ་འཆད་འགྲེལ་པ་དབྱིན་ཁྲུན་ཤིན་གྱིས་སྒྲིག་ཆས་གྲ་སྒྲིག་ཨང་གསར་བྱས་ཏེ་ཧོང་དབྱང་རི་བོའི་སྒྱོགས་སྟེགས་འགྲམ་དུ་ཕྱིན་ནས་ཡུལ་སྐོར་བར་འཆད་འགྲེལ་བྱེད་འགོ་ཚུགས། ཁོང་གིས“སྐབས་དེ་དུས་དེ་གར་རུ་ཤོག་གཅིག་ཀྱང་མ་ཟིན་པའི་དམར་དམག་གིས་དགྲ་བོའི་མདའ་ཤོག་བཞི་ཡི་ཚུར་རྒོལ་ཕམ་ཉེས་བཏང་ཡོད”ཅེས་བཤད།

    “ལྔ་གཅིག”གུང་གསེང་རིང་། འགྲུལ་རྒྱུན་མང་དུ་ཕྱིན་ཞིང་། ཟླ་5ཚེས་3ཉིན་གྱི་སྔ་དྲོ་ཁོ་ནར་དབྱི་ཁྲུན་ཤིན་གྱིས་ལྟ་སྐོར་ཚོགས་པ་5ལ་བསྟུད་མར་སྣེ་ལེན་ཞུས་པ་དང་ཡུལ་སྐོར་བ་མི་ཐེངས་150ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད། ད་ལོ་ལོ་27ལ་སླེབས་པའི་དབྱི་ཁྲུན་ཤིན་གྱིས་ལས་ཀ་དེ་བྱས་ནས་ལོ་3སོང་བ་དང་དུས་ཆེན་དང་གུང་གསེང་རིང་ལས་གནས་ཀྱི་འཐབ་ས་དང་པོ་བརྟན་པོར་བསྲུངས་ཡོད། ཁོང་གིས“ཅིང་ཀང་ཧྲན་རི་བོའི་གཏམ་རྒྱུད་མི་དེ་བས་མང་བར་ཤོད་པ་ནི་དོན་སྙིང་ལྡན་པའི་བྱ་བ་ཞིག་ཡིན་པས་ངལ་དུབ་ཀྱི་ཚོར་སྣང་མི་འདུག”ཅེས་བརྗོད།

    ཟླ་5ཚེས་3ཉིན་གྱི་ཐོ་རེངས་སུ། རྒྱལ་ཁབ་ལྕགས་ལམ་ལན་ཀྲོའུ་ཅུས་ལན་ཀྲོའུ་ལམ་དུམ་ལན་ཀྲོའུ་ནུབ་རྒྱུད་ཤུགས་འགྲེམས་མེ་འཁོར་ཉམས་བཟོ་ཁང་ནས་གློག་འོད་འཕྲོ་བཞིན་འདུག

    ལོ་རབས་90པའི་ནང་སྐྱེས་ཀྱི་ས་གནས་དེ་གའི་ལས་སྒྲུབ་འཕྲུལ་ཆས་བཟོ་བཀོད་པ་མན་ཀྲེང་ཡུན་གྱིས་ཤུགས་འགྲེམས་མེ་འཁོར་ཉམས་བཟོ་ཁང་དུ་སྦི་ཆི་ལི་སྤར་ནས་བརྟག་དཔྱད་བྱེད་སྐབས། གློག་སྒོ་གཅིག་ཉམས་བཟོ་བྱེད་དགོས་པ་མཐོང་འཕྲལ་དེ་མུར་ལག་རྩལ་མི་སྣ་བོས་ནས་དུས་ཐོག་ཏུ་ཉམས་བཟོ་བྱས་ཏེ་མེ་འཁོར་དུས་ཐོག་ཏུ་ཤར་གཏོང་ཐུབ་པར་བྱས་ཡོད།

    ལས་ཀར་ཞུགས་ནས་ལོ་10སོང་རིང་། མན་ཀྲེང་ཡུན་གྱིས་ཤུགས་འགྲེམས་མེ་འཁོར་ལ་ཞིབ་བཤེར་བཟོ་བཅོས་ཐེངས་7000ལྷག་ཙམ་བྱས་པ་མ་ཟད། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་1200ལྷག་ཙམ་གྲལ་བཤེར་བྱས་ཡོད། “ཞིབ་བཤེར་བཟོ་བཅོས་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། ང་ཚོས་འགྲུལ་པ་དང་མེ་འཁོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས”ཞེས་མན་ཀྲེང་ཡུན་གྱིས་བཤད།

    འབད་འབུངས་འགག་སྒྲོལ་གྱིས་ཨར་སྐྲུན་གྱི་འཐབ་ས་དང་པོ་བསྲུངས།

    ས་ཁུང་འདྲུ་བ་དང་། ས་རྒྱོང་བ། ཆུ་རྒྱག་པ་སོགས་ནམ་ལངས་མ་ཐག་ནང་སོག་ཐུང་ལེའོ་གྲོང་ཁྱེར་ཁོར་ཆིན་གྱི་ཙུའུ་ཡི་ཧོའུ་ཆུན་ཧྲུའུ་ལི་ཀུའུ་ཐའེ་བྱེ་འགོག་བྱེ་བཅོས་རྣམ་གྲངས་ཁུལ་དུ་ལས་བྲེལ་གྱི་རྣམ་པས་ཁེངས།

    ལས་ཡུལ་དུ་རྣམ་གྲངས་ཁུལ་གྱི་འགན་འཁུར་བ་ཝང་ཧེང་ཅེ་ཡིས་གསོམ་ཤིང་འཛུགས་བཞིན་དཔྲལ་བའི་རྔུལ་ཆུ་འཕྱིས་ནས་མཐའ་འཁོར་གྱི་སྡོང་ཕྲུག་ལ་མཛུབ་མོ་བཙུགས་ཏེ“སྡོང་ཕྲུག་དེ་དག་སྐྱེས་རྗེས་བྱེ་མ་འགོག་ཐུབ། ད་ལྟ་ནི་ཤིང་འཛུགས་ནགས་བཟོའི་དུས་ཚོད་ཡག་ཤོས་དང་སྡོང་ཕྲུག་སྐྱེ་ཚད་མཐོ་ཤོས་ཡིན་པས་དུས་ཚོད་སྐར་ཆ་གཅིག་ཀྱང་ནར་འགྱངས་གཏོང་མི་རུང”ཞེས་བརྗོད།

    ཧྲུའུ་ལི་ཀུའུ་ཐའེ་བྱེ་འགོག་བྱེ་བཅོས་རྣམ་གྲངས་ནི“བྱང་གསུམ”འདུ་འགོད་ཀྱི་དུས་ཐེངས་དྲུག་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང“ལྔ་གཅིག”གུང་གསེང་རིང་ད་ལོའི་སྡོང་ཕྲུག་འདེབས་འཛུགས་ཀྱི་ལས་འགན་ཚང་མ་ལེགས་སྒྲུབ་བྱས་ནས་ས་ཁོངས་ཀྱི་བྱེ་འགོག་བྱེ་བཅོས་ལས་དོན་ཕྱོགས་ཡོངས་ནས་ཚར་བ་བྱ་རྒྱུ་རེད། “ངས་ནུས་ཤུགས་ཡོད་རྒུས་སྡོང་ཕྲུག་ཚང་མར་བདག་སྐྱོང་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་ཆེད་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་དགུ་བཅུའི་ནང་སྐྱེས་ཀྱི་ཝང་ཧེང་ཅེ་ཡིས་བློ་རྩ་བརྟན་པོས་བཤད།

    བརྩེ་སེམས་ཟབ་མོས་དམངས་འཚོར་ཞབས་འདེགས་ཞུས།

    ཧུའུ་ནན་ཁྲང་ཧྲ་གྲོང་ཁྱེར་དུ། མྱུར་སྐྱེལ་བ་ལིན་ཤིན་ཀྲེང་གི་གློག་སྒུལ་འཁོར་གསུམ་སྦག་སྦག་ནང་ཐུམ་སྒྲིལ་བྱུར་བུར་བླུག་བཞིན“དེ་རིང་ཐུམ་སྒྲིལ་བསྐུར་མ་97བསྐྱལ་བ་ཡིན། མྱུར་སྐྱེལ་དུས་ཐོག་ཏུ་ཚང་མའི་ལག་ཏུ་སྐྱེལ་སྐབས་ངལ་དུབ་ཀྱི་ཚོར་སྣང་མི་འདུག”ཅེས་དཔྲལ་བའི་རྔུལ་ཆུ་འབྱིད་བཞིན་བརྗོད།

    “ལྔ་གཅིག”གུང་གསེང་རིང་། ཁྲང་ཧྲ་གྲོང་ཁྱེར་དུ་མྱུར་སྐྱེལ་ཐུམ་སྒྲིལ་འབྱོར་ཚད་རྒྱུན་གཏན་ལས་མང་བ་ཡོད་ཅིང་། ལིན་ཤིན་ཀྲེང་དང་ལས་རོགས་ཚོས་ཞོགས་པའི་ཆུ་ཚོད་7པ་ནས་བཟུང་ཐུམ་སྒྲིལ་བསྐུར་མ་དབྱེ་བ་ཕྱེ་ནས་རླངས་འཁོར་ནང་འཇུག་བཞིན་མཆིས། ལས་ཀར་ཞུགས་ནས་ལོ་14སོང་རིང་། རིམ་རྩིས་བརྒྱབ་ན། ཁོང་གིས་མྱུར་སྐྱེལ་བསྐུར་མ་ཁྲི་བརྒྱ་ལྷག་ཙམ་བསྐྱལ་ཡོད་པས། བྱས་རྗེས་མངོན་གསལ་དོད་པར་བརྟེན་ད་ལོ་ཁོང་ལ“རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས”ཐོབ་ཡོད།

    མང་ཚོགས་སེམས་སུ་བཅངས། དངོས་སྒྲུབ་འགན་འཁྲི་ཁུར། “ན་ཚ་ཡག་པོ་དྲག་འདུག བརྟག་དཔྱད་བྱས་རྗེས་སྨན་ཁང་ནས་དོན་ན་འགྲིག་པ་འདུག”ཅེས་ཟླ་5ཚེས་3ཉིན་གྱི་སྔ་དྲོར། ཀྲེ་ཅང་སློབ་ཆེན་གྱི་གསོ་རིག་སློབ་གླིང་གི་ཞོར་གཏོགས་སྨན་ཁང་དང་པོའི་མཆིན་མཁྲིས་གཤེར་མའི་ཕྱི་ནད་ཚན་ཁག་གི་ནད་ཁང་དུ་དགུ་བཅུ་ནང་སྐྱེས་ཀྱི་སྨན་པ་དཀའ་བཅུ་པ་ཁྲེན་དབྱི་ཝུན་གྱིས་ནད་པ་ཀྲང་ལགས་ལ་དེ་ལྟར་བཤད།

    ཉིན་གཉིས་ཀྱི་གོང་དུ། ནད་པ་ཀྲང་ལགས་ཀྱི་ལྟོ་བར་ན་ཟུག་དྲག་པོ་བཏང་བས་མྱུར་སྐྱོབ་ཁང་དུ་བསྐྱལ། ཁ་པར་འབྱོར་རྗེས་སྨན་པ་ཁྲེན་དབྱི་ཝུན་མགྱོགས་མྱུར་སྨན་ཁང་དུ་བསྐྱོད་ནས་ནད་པར་ཛ་དྲག་གི་གཤགས་བཅོས་བྱས་རྗེས་སྲོག་ཉེན་ལས་ཐར། ད་ལོའི“ལྔ་གཅིག”གུང་གསེང་རིང་། ཁྲེན་དབྱི་ཝུན་གྱིས་ཉིན་གཅིག་ལ་ནད་ཁང་དུ་བརྟག་དཔྱད་དང་། སྒོ་བསྟེན་སྨན་ཁང་དུ་ནད་པར་ལྟ་བ། མཚན་མོ་སྡོད་བྱ་བཅས་བྱས་ཤིང་། ཁོང་གིས“ང་ཚོས་ལས་གནས་བརྟན་སྲུང་བྱས་ཏེ་མི་སེར་ཚོའི་ཚེ་སྲོག་གི་བདེ་ཐང་ལ་སྲུང་སྐྱོང་ཡག་པོ་བྱེད་བཞིན་ཡོད”ཅེས་བརྗོད།

    ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། གཞོན་ནུ་ཚོས་བྱས་རྗེས་འཇོག་པའི་དུས་ལ་བབས་ཡོད། ལས་རིགས་ཁག་ཏུ་ལས་གནས་བརྟན་སྲུང་བྱེད་མཁན་གཞོན་ནུ་ངལ་རྩོལ་པ་ཚོས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་གཙོ་ཤུགས་དམག་གི་ནུས་པ་འདོན་པ་དང་བདག་པོའི་ཉམས་འགྱུར་མངོན་པར་བྱས་ནས་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་བཏོད་དང་གཏོད་མུས་ལགས།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།