དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་ཁྱོན་ཁྲི་7833.6ཡོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-06

    ཟླ་5ཚེས་3ཉིན། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2025ལོའི་ཟླ་12པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་ཁྱོན་ཁྲི་7833.6དང་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཁྲི་515.0ཡོད་པ་དེ་2024ལོའི་ལོ་མཇུག་ལས་ཚོགས་མི་ཁྲི་301.8དང་རྩ་འཛུགས་ཁྲི་75.3མང་དུ་ཕྱིན་ཡོད་པ་དང་། 2025ལོར་ཁྱོན་ཚོགས་མི་ཁྲི་913.7འཕེལ་རྒྱས་བཏང་ཡོད་པ་རེད།

    དེའི་ཁྲོད་ཚོགས་པའི་ས་གནས་ཨུ་ཡོན་ལྷན་ཁང་ཁྲི་0.3དང་། གཞི་རིམ་ཚོགས་པའི(བཟོ་པའི)ཨུ་ལྷན་ཁྲི་19.9 ཚོགས་པའི་སྤྱི་ཁྱབ་ཀྲི་པུའུ་ཁྲི་13.9 ཚོགས་པའི་ཀྲི་པུའུ་ཁྲི་480.9བཅས་ཡོད། སློབ་གྲྭའི་ཚོགས་པའི་རྩ་འཛུགས་ཁྲི་235.5དང་ཚོགས་མི་ཁྲི་4183.3དང་། ལས་ཁུངས་དང་བྱ་གཞག་ཚན་པའི་ཚོགས་པའི་རྩ་འཛུགས་ཁྲི་34.7དང་ཚོགས་མི་ཁྲི་379.8 གཞུང་ཁོངས་དང་མཉམ་སྡེབ་ཀྱི་ཁེ་ལས་ཚོགས་པའི་རྩ་འཛུགས་ཁྲི་27.1དང་ཚོགས་མི་ཁྲི་281.8 གྲོང་ཁྱེར་གྱི་ཁྲོམ་གཞུང་དང་། ཤང་དང་གྲོང་རྡལ། སྡེ་ཁུལ། སྲིད་འཛིན་གྲོང་ཚོ་བཅས་ཀྱི་ཚོགས་པའི་རྩ་འཛུགས་ཁྲི་95.4དང་ཚོགས་མི་ཁྲི་2391.7 གསར་དར་ཁྱབ་ཁོངས་དང་ཁྱབ་ཁོངས་གཞན་དག་གི་ཚོགས་པའི་རྩ་འཛུགས་ཁྲི་122.3དང་ཚོགས་མི་ཁྲི་597.0བཅས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།