དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2026ལོའི་པེ་ཅིང་རྒྱལ་སྤྱིའི་རླངས་འཁོར་འགྲེམས་ཚོགས(སྐབས་བཅུ་དགུ་པ)མཇུག་འགྲིལ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-06

    འདི་ནི་སློབ་མས་ཁྲང་ཁྲེང་རྟགས་ཅན་རླངས་འཁོར་གྱི“ལག་རྩལ་ཆེ་མོ་བའི་སློབ་གསོ་དང་རིག་གནས་ཆེད་ཁུལ”དུ་ལྟ་སྐོར་བྱེད་བཞིན་པ།

    འདི་ནི་ལྟད་མོ་བས་པེ་ཅིང་རྒྱལ་སྤྱིའི་རླངས་འཁོར་འགྲེམས་ཚོགས་སུ་རིག་ནུས་ཅན་གྱི་རླངས་འཁོར་དང་མཉམ་པར་རྒྱག་བཞིན་པ།

    འདི་ནི་ལྟད་མོ་བས་སའེ་ལི་སི་དང་ཧྭ་ཝེ་ཡིས་མཉམ་དུ་འཆར་བཀོད་བྱས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་ཝུན་ཅེ་M6ལ་ཉམས་ལེན་བྱེད་བཞིན་པ།

    ཟླ་5ཚེས་3ཉིན། 2026ལོའི་པེ་ཅིང་རྒྱལ་སྤྱིའི་རླངས་འཁོར་འགྲེམས་ཚོགས(སྐབས་བཅུ་དགུ་པ)མཇུག་འགྲིལ་ཞིང་། སྐབས་འདིའི་རླངས་འཁོར་འགྲེམས་ཚོགས་ཀྱིས“དུས་རབས་ཀྱི་སྣེ་ཁྲིད་བྱེད། རིག་ནུས་ཀྱིས་འབྱུང་འགྱུར་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་འགྲེམས་ཁང་ཁག་གཉིས་དབར་མཉམ་འགུལ་བྱེད་སྟངས་ཐོག་མར་སྤྱད་ཡོད་པ་དང་། འགྲེམས་སྟོན་ཁུལ་ཧྲིལ་པོའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་38ཟིན་ནས་གཞི་ཁྱོན་གོ་ལ་ཧྲིལ་པོའི་རླངས་འཁོར་འགྲེམས་ཚོགས་ཀྱི་ཨང་དང་པོར་སླེབས་ཡོད། སྐབས་འདིའི་རླངས་འཁོར་འགྲེམས་ཚོགས་སུ་རླངས་འཁོར་ཁྱོན་1451འགྲེམས་སྟོན་བྱས་པའི་ནང་། གོ་ལ་ཧྲིལ་པོའི་ཕུད་འགྲེམས་རླངས་འཁོར་181དང་མ་འོངས་རླངས་འཁོར་71ཡོད་པ་དང་། རིག་ནུས་ཅན་གྱི་ཁ་ལོ་བ་དང་། རང་བརྟེན་ཞིབ་སྤེལ་བྱས་པའི་ཉིང་ལྷེབ། གློག་རྫས་ཀྱི་ནུས་རྒྱུ། རླངས་འཁོར་ཧྲིལ་པོའི་སྒྲོམ་གཞི་སོགས་ཁྱབ་ཁོངས་ཀྱི་ལག་རྩལ་གསར་པ་ཁག་གཅིག་གཅིག་སྡུད་ཐོག་འགྲེམས་བསྒྲགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།